མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ཅུས(ཁྲུའུ)ཀྲང་གི་ཆབ་སྲིད་རེས་སྐོར་སྦྱོང་བརྡར་སྤེལ་མགོ་བརྩམས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ཅུས(ཁྲུའུ)ཀྲང་ཆབ་སྲིད་རེས་སྐོར་སྦྱོང་བརྡར་འཛིན་གྲྭས་དུས་རིམ་གཉིས་སུ་བགར་ཏེ་གསར་བརྗེའི་གནས་གཞི་ཅིན་ཀང་རི་བོ་རུ་སྤེལ་བ་དང་། ཞིང་ཆེན་དང་གྲོང་ཁྱེར། ཁུལ། རྫོང་སྤྱི་བདེ་ཅུས་ལས་ཁུངས་ཀྱི་མི111གསོ་སྦྱོང་ལ་ཞུགས།

ཐེངས་འདིའི་ཆབ་སྲིད་གསོ་སྦྱོང་གིས་ཏང་གི་ལོ་རྒྱུས་ཆེད་དོན་བཞུགས་མོལ་དང་བགྲོ་གླེང་གི་རྣམ་པ་སྤྱད་དེ། སྔོན་གཤེགས་དཔའ་བོའི་བང་སོར་བལྟ་བ་དང་། ཅིན་ཀང་རི་བོའི་གསར་བརྗེའི་དངོས་མང་བཤམས་སྟོན་ཁང་དང་། མའོ་ཙེ་ཏུང་གཞིས་རྙིང་། ཧོང་ཡང་ཅའེ་སོ་ཁང་། ཧྲིན་ཧྲན་སྡེ་བ་སོགས་སུ་རྟོག་ཞིབ་བྱས། སློབ་མ་ཡོངས་ཀྱིས་དམར་དམག་གི་རྗེས་རབས་པས་ཅིན་ཀང་རི་བོའི་སྙིང་སྟོབས་ཀྱི་ཞིབ་བརྗོད་ལ་ཉན་པ་དང་། གསར་བརྗེའི་སྔོན་གཤེགས་སོང་མྱོང་བའི་རྐང་རྗེས་ལ་མྱོང་རོལ་དང་། ཅིན་ཀང་ར་བོའི་གསར་བརྗེའི་རླབས་ཆེ་བའི་འཐབ་རྩོད་ལོ་རྒྱུས་ལ་མྱོང་རོལ་བྱས་ནས། “བློ་བརྟན་འགྱུར་མེད་ཀྱི་ཕུགས་འདུན་དང་། དངོས་ཐོག་བདེན་འཚོལ་ནི་ལམ་བུ་གསར་བ་བཏོད་པ། དཀའ་སྤྱད་འབད་བརྩོན་གྱི་འགག་སྒོ་བརྒལ་བ། མང་ཚོགས་ལ་བརྟེན་ནས་རྒྱལ་ཁ་ལེན་པའི”དུས་རབས་གསར་བའི་ཅིན་ཀང་རོ་བོའི་སྙིང་སྟོབས་ལ་རྒྱུས་ལོན་ཟབ་མོ་བྱས།

ཚང་མས་ཐེངས་འདིའི་ཆབ་སྲིད་གསོ་སྦྱོང་གིས་ཏང་གཤིས་ལ་ཤུགས་སྣོན་དང་། སེམས་ཁམས་ལ་གཙང་ཁྲུས་བྱས་ཏེ། བསམ་པར་སྟོབས་ཤུགས་སྦྱིན། རྗེས་ཕྱོགས་ཀྱི་བྱ་བའི་ཁྲོད་རང་འགུལ་སྒོས་ཅིན་ཀང་རི་བོའི་སྙིང་སྟོབས་དར་སྤེལ་དང་རྒྱུན་འཛིན་བྱས་ཏེ། ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་པའི་རང་འགུལ་མཐོར་འདེགས་སུ་བཏང་སྟེ། ཧུར་ཐག་གིས་ཞི་ཅིན་ཕིང་གི་བསམ་བློ་གསར་བའི་ལག་ལེན་བྱེད་མཁན་རྣམ་དག་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་རང་འགུལ་གྱིས་ལག་ལེན་བྱེད་མཁན་ཞིག་བྱས་ཏེ། སྤྱི་ཚོགས་དྲང་བདེན་སྲུང་སྐྱོང་བྱེད་མཁན་ཞིག་བྱེད་དགོས་པར་བསྟན། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།