ཏུའུ་ཅེ་ཡིས་ཁེ་ལས་ཀྱི་སྙན་ཞུ་ཚོགས་འདུའི་སྟེང་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་གཏན་ཁེལ་དམིགས་འབེན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་པར་བསྟན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཞིང་ཆེན་རིམ་པའི་མགོ་ཁྲིད་ཀྱི་གཙོ་གནད་ལས་གཞི་བྱ་བའི་བྱ་ཐབས་བཀོད་སྒྲིག་ལྟར། ཟླ4བའི་ཚེས7ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཅེ་ཡིས་ཞིང་ཆེན་འགྲིམ་འགྲུལ་མ་རྐང་ཚོད་འཛིན་ཚད་ཡོད་ཀུང་སིའི་འགན་འཁུར་བ་བསྡུ་རུབ་བྱས་ཏེ། ཀུང་སིིའིG0611ཀྲང་བུན་གཞུང་ལམ་ཐུན་རིན་ནས་གསེར་ལུང་བར་གྱི(ཀན་སུའུ་ནས་མཚོ་སྔོན་བར་མཚམས)ཀྱི་ལས་གཞིའི་སྤྱིའི་གནས་ཚུལ་དང་། བྱ་བའི་འཕེལ་རིམ། རྗེས་མའི་བྱ་བའི་འཆར་གཞིའི་ཆེད་དོན་ཡར་ཞུར་ཉན།

འབྲེལ་ཡོད་བྱ་བའི་ཡར་ཞུར་ཉན་རྗེས། ཏུའུ་ཅེ་ཡིས་བསྟན་དོན། ཀྲང་བུན་གཞུང་ལམ་གྱི་ལས་གཞི་ནི་རང་ཞིང་གི“ལོ་ལྔའི་འཆར་གཞི་བཅུ་བཞི་བའི”འཆར་འགོད་མགོ་རྩོམ་པའི་ལོའི་ལས་གཞི་ཆེ་གྲས་ཤིག་ཡིན་ཞིང་། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་གཙོ་གནད་ལས་གཞི37ཁྲོད་ཀྱི་གཅིག་ཡིན། ཞིང་ཆེན་འགྲིམ་འགྲུལ་མ་རྐང་ཚོད་འཛིན་སྡེ་ཚོགས་ཀྱིས་མཐོང་ཆེན་བྱས་ཤིང་། གོང་འོག་སེམས་ཤུགས་གཅིག་སྒྲིལ་གྱིས། དུས་རིམ་སྔོན་མའི་བྱ་བ་གནད་དུ་འཁེལ་བ་དང་། བྱ་བའི་འཕེལ་རིམ་བདེ་བླག་ཡིན། ཏུའུ་ཅེ་ཡིས་ནན་གྱིས་བསྟན་དོན། ཀྲང་བུན་གཞུང་ལམ་ནི་རང་ཞིང་གི་བོད་རིགས་རང་སྐྱོང་ཁུལ་དྲུག་གི་ཁྲོད་ཀྱི་རྫོང་ནས་རྫོང་བར་ཤར་གཏོང་བྱེད་པའི་མྱུར་བགྲོད་ལས་གཞི་ཐོག་མ་ཡིན་ཞིང་། ལས་གཞི་ལེགས་འགྲུབ་བྱས་པ་དེས་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རྫོང་བཞིའི་ཆབ་སྲིད་དཔལ་འབྱོར་དང་། སྤྱི་ཚོགས་གཏན་འཇགས། དམངས་འཚོའི་ལེགས་བཅོས་ཐད་དོན་སྙིང་གལ་ཆེན་ལྡན། ལས་གཞི་འཆར་འགོད་དང་འཛུགས་སྐྲུན་བྱེད་པའི་ཁྲོད། ངེས་པར་དུ་སྐྱེ་ཁམས་སྔོན་ལ་དམིགས་བསལ་འཛིན་པ་དང་། བཙོག་མེད་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ། ལས་གཞི་ལག་བསྟར་ཁྲོད་ས་གནས་ཀྱི་རིག་གནས་རྒྱུ་རྐྱེན་དང་། མཛེས་ལྗོངས། སྐྱེ་ཁམས་ཀྱི་རྒྱུ་རྐྱེན་ལ་བསམ་གཞིགས་ལེགས་པོ་བཏང་ནས། བཟོ་སྐྲུན་འཛུགས་སྐྲུན་ཁྲོད་ཡིད་ཕངས་པ་དང་མི་ལེགས་པའི་གནས་ཚུལ་མི་འབྱུང་བར་ཁག་ཐེག་བྱེད་དགོས། ས་གནས་ཏང་ཨུ་དང་སྲིད་གཞུང་གི་མཐུན་སྦྱོར་དང་བྱ་བ་དོན་འཁྱོལ་ལ་ཤུགས་བསྣན་ནས། རྒྱབ་སྐྱོར་མང་པོ་བརྩོན་ལེན་བྱེད་པ་དང་། དུས་སྐབས་སྔོན་མའི་བྱ་བ་སོ་སོ་ལེགས་པོར་སྒྲུབ་ཏེ། བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་གཏན་ཁེལ་བྱས་པའི་དམིགས་འབེན་ལ་སྟོབས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་ཞེས་བསྟན།  །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།