མཚོ་སྔོན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་འཛུགས་སྐྲུན་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གཉིས་བར་འཐབ་ཇུས་མཉམ་ལས་གན་རྒྱ་བཞག་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱིས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱ་ཆེད། སྤྱི་ཟླ4པའི་ཚེས9ཉིན་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་འཛུགས་སྐྲུན་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གཉིས་ཀྱིས“ཤེས་རིག་ཞབས་ཞུའི་སྟེགས་བུ”ཞེས་པའི་འཛུགས་སྐྲུན་འཐབ་ཇུས་མཉམ་ལ་གན་རྒྱ་བཞག་པ་དང་། ཕྱོགས་གཉིས་ཀྱིས་ཤེས་རིག་སྟེགས་བུར་བརྟེན་ནས་ཞིང་ཆེན་ཡོངས་ཀྱི་དམངས་གཉེར་ཁེ་ལས་སྤོ་བསྒྱུར་དང་གསར་སྐྲུན་འཕེལ་རྒྱས་ལ་སྔར་ལས་འཐུས་ཚང་ཡིན་པ་དང་སྟབས་བདེ་ཡིན་པ། ཕན་ནུས་མཐོ་བ། སྔར་ལས་རིག་ནུས་ཡིན་པའི་ཞབས་ཞུ་འདོན་སྤྲོད་བྱ་རྒྱུ་རེད། 

ཤེས་རིག་ཞབས་ཞུའི་སྟེགས་བུ་ནི་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་དངུལ་རྩ་སྡེ་ཁག་བར་འབྲེལ་གཏུགས་བྱེད་སའི་སྟེགས་བུ་གལ་ཆེན་ཞིག་ཡིན་པ་དང་། སྟེགས་བུ་འཛུགས་སྐྲུན་བྱས་རྗེས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་ཚོང་ལས་ཚོགས་པ། ཚོང་ལས་ཚོགས་པའི་ཁོངས་མི་སོགས་ཀྱི་དྲ་ཐོག་ནས་གཞུང་དོན་སྒྲུབ་པ་དང་བེད་སྤྱོད་བྱེད་མཁན་དོ་དམ་བྱེད་པ། ཁོངས་མི་དོ་དམ། བརྙན་རིས་གྲོས་ཚོགས་བསྡུ་པ། སྤྱི་བསྡོམས་དབྱེ་ཞིབ་དང་དུས་ལྟར་བརྡ་འཕྲིན་འབྱོར་བ། གཅིག་གྱུར་གྱིས་ཉོ་སྒྲུབ་བྱེད་པ། ཆ་འཕྲིན་བར་མཐུད་བྱེད་པ་དང་དངུལ་རྩའི་ཞབས་ཞུ་སྒྲུབ་པ་སོགས་མངོན་འགྱུར་བྱེད་ངེས། འདི་ནི་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པའི་སློབ་གསོ་བྱ་འགུལ་ཞིག་ཡིན་པ་མ་ཟད། དམངས་གཉེར་ཁེ་ལས་ལ་དོན་དངོས་སྒྲུབ་པའི་བྱེ་བྲག་གི་བྱེད་ཐབས་ཞིག་ཡིན་པ་དང་། རང་ཞིང་གི་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ཁྲོད་ཀྱི་དཀའ་ཁག་སེལ་རོགས་བྱེད་པའི་གསར་སྐྲུན་བྱེད་ཐབས་ཞིག་ཀྱང་ཡིན་པ་རེད།   །   

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།