མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་མི་དམངས་ཉེན་རྟོག་པའི་མིང་གིས་བཏགས་པའི་སེམས་ཁམས་ལས་དོན་ཁང་དང་པོའི་སྒོ་བྱང་བཀལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས8ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་མི་དམངས་ཉེན་རྟོག་པའི་མིང་དངོས་ཀྱིས་མིང་བཏགས་པའི་སེམས་ཁམས་ལས་དོན་ཁང་དང་པོ་སྟེ། ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུས་མཁར་བྱང་ཡན་ལག་ཅུས་ཧུའེ་ཆིན་ཉེན་རྟོག་དཔོན་གྱི་སེམས་ཁམས་ལས་དོན་ཁང་དེ་ཆི་ལེན་ལམ་མངགས་གཏོང་ཁང་དུ་དངོས་སུ་སྒོ་བྱང་བཀལ་བ་རེད།

ལི་ཧུའེ་ཆིན་ནི་ཆི་ལེན་ལམ་མངགས་གཏོང་ཁང་གི་སྡེ་ཁུལ་མི་དམངས་ཉེན་རྟོག་པ་ཞིག་ཡིན། མོར་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སེམས་ཁམས་བློ་འདྲི་མཁན་གྱི་ཐོབ་ཐང་ལྡན། ཁོ་མོས་ཉིན་རྒྱུན་མང་ཚོགས་ལ་གདོང་གཏད་ཀྱིན་ཡོད་པས་མང་ཚོགས་ཀྱི་རེ་འབོད་སྣ་ཚོགས་ཁོང་དུ་ཆུད་ཡོད། ཉེ་བའི་ལོ་འགའི་རིང་གི་ལས་དོན་དངོས་ཀྱིས་སེམས་ཁམས་བློ་འདྲིས་མང་ཚོགས་མང་པོའི་དགོས་མཁོ་བསྐངས་ཡོད་པ་ར་སྤྲོད་བྱས་ཡོད། ཁོ་མོས་ཀྱང་ཆེད་ལས་ཀྱི་བྱ་ཐབས་མང་པོ་སྤྱད་དེ་སྡོད་དམངས་མི་ཉུང་བ་ཞིག་གི་ཁྱིམ་ཚང་གི་འགལ་བ་སེལ་ནས། ཁོངས་གཏོགས་ས་ཁུལ་གྱི་བདེ་འཇགས་བརྟན་བརླིང་ལ་སྲུང་སྐྱོང་བྱས་ཡོད། དེ་དང་ཆབས་ཅིག སེམས་ཁམས་ཁྲིད་སྟོན་གྱིས་མངགས་གཏོང་ཁང་གིས་གྱོད་གཞི་སྒྲུབ་གཉེར་བྱ་བར་སྐུལ་འདེད་ཀྱི་ནུས་པ་ངེས་ཅན་ཐོན་པས། མི་དམངས་ཉེན་རྟོག་པས་མང་ཚོགས་ཀྱི་ལས་དོན་སྒྲུབ་སྐབས་ཀྱི་སྐྱོན་ཆ་དང་ཞབས་ཞུའི་མི་འདང་ས་ཁ་གསབ་བྱས་ཡོད། 

ལས་དོན་ཁང་བཙུགས་པ་དེས་ཤུགས་ཆེན་པོས་སེམས་ཁམས་རིག་པའི་ཤེས་བྱ་དག་སྡེ་ཁུལ་མི་དམངས་ཉེན་རྟོག་པའི་ལས་ཀའི་འགན་འཁྲིའི་ཁྲོད་རྒྱ་སྐྱེད་དང་བེད་སྤྱོད་བྱ་རྒྱུར་སྐུལ་འདེད་བཏང་བ་མ་ཟད། མཁར་བྱང་སྤྱི་བདེ་ཡན་ལག་ཅུས་ཀྱིས་དུས་སྐབས་གསར་པའི་ཧྥེང་ཆའོ་རྣམ་པའི་མངགས་གཏོང་ཁང་གི“ཞབས་ཞུར་སྟོང་ཆ་མེད་པ་དང་། འགལ་བ་གོང་ཞུ་མི་བྱེད་པ། བདེ་འཇགས་དོན་དག་མི་འབྱུང་བ”བཅས་ཀྱི་འདུ་ཤེས་ལག་ལེན་བསྟར་ནས། ཐད་ཀར་ཁོངས་གཏོགས་ས་ཁུལ་གྱི་མང་ཚོགས་ལ་ཕྱོགས་ཤིང་མང་ཚོགས་དང་བར་ཐག་ཉེ་རུ་བཏང་བ་ཡིན། དུས་མཚུངས་སུ། རོགས་སྐྱོར་དང་ཁྲིད་སྟོན་བྱེད་དགོས་པའི་རྒྱ་ཆེའི་བུད་མེད་དང་བྱིས་པར་མཚོན་ན། སྤྱི་བདེའི་མི་དམངས་ཉེན་རྟོག་པའི་མིང་དངོས་ཀྱིས་མིང་བཏགས་པའི་སེམས་ཁམས་བློ་འདྲི་ཁང་གིས་ཁོང་ཚོའི་ཡིད་ཆེས་བསམ་པ་ཟབ་ཏུ་བཏང་ནས་བློ་སྒོ་ཕྱེས་ཏེ། མི་དམངས་ཉེན་རྟོག་པས་མང་ཚོགས་ཀྱི་དགོས་མཁོ་སྔར་བས་མང་བ་ཤེས་རྟོགས་ཐུབ་པ་བྱས་ནས་སྤྱི་བདེའི་ལས་དོན་གྱི་འགན་འཁྲི་དང་ལས་འགན་སྔར་བས་ལེགས་པའི་སྒོ་ནས་ལག་ལེན་བྱེད་པ་དང་། མང་ཚོགས་ལ་སྔར་བས་ལེགས་པའི་སྒོ་ནས་ཞབས་འདེགས་ཞུ་ཐུབ་པར་བྱས་ཡོད། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།