ཀྲུང་དབྱང་ལྟ་ཞིབ་ཚན་ཁག་བཅོ་ལྔ་པ་དང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་བཞུགས་མོལ་ཚོགས་འདུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ་བཞི་པའི་ཚེས་བརྒྱད་ཉིན། རྒྱལ་ཡོངས་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་བྱ་བའི་ཀྲུང་དབྱང་ལྟ་ཞིབ་ཚན་ཁགབཅོ་ལྔ་པ་དང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་བཞུགས་མོལ་ཚོགས་འདུ་བསྡུས། ཀྲུང་དབྱང་ལྟ་ཞིབ་ཚན་ཁག་བཅོ་ལྔ་པའི་ཚན་གཙོ་ཁྲིན་ཧའོ་ཚོགས་འདུར་ཞུགས་ནས་གཏམ་བཤད། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། སྲིད་ཁྲིམས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དབྱིན་པེ་ཚོགས་འདུར་ཞུགས་ནས་གནས་ཚུལ་སྙན་ཞུ་བྱས། ཀྲུང་དབྱང་ལྟ་ཞིབ་ཚན་ཁག་བཅོ་ལྔ་པའི་ཚན་གཙོ་གཞོན་པ་མཱ་ཀྲིན་ཆི་ཡིས་ཚོགས་འདུར་འགོ་འཛིན་བྱས།

ཁྲིན་ཧའོ་ཡིས་མཚོ་སྔོན་གྱི་སྲིད་ཁྲིམས་དཔུང་སྡེ་ཡིས་སློབ་གསོ་དག་ཐེར་གྱི་སློབ་སྦྱོང་སློབ་གསོ་སྤེལ་བའི་སྐོར་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་བྱས་ཏེ་བསྟན་དོན། སློབ་གསོ་དག་ཐེར་ལས་སྒོ་སྤེལ་བ་ནས་བཟུང་། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་སྲིད་ཁྲིམས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་འགོ་ཁྲིད་ཚན་ཆུང་དང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་འགོ་ཁྲིད་འོག་ཏུ། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་ནན་མོ་བྱས་ཏེ་ཆབ་སྲིད་ཀྱི་ཁག་འཁུར་ནུས་པ་ཇེ་དྲག་ཏུ་བཏང་བ་དང་རྩ་འཛུགས་འགོ་ཁྲིད་ལ་ཤུགས་བསྣན་ལ། དུས་ལྟར་ལས་དོན་ལ་བཀོད་སྒྲིག་བྱས་ནས། ཞིང་ཆེན་ཡོངས་ཀྱི་སློབ་གསོ་དག་ཐེར་ཚད་གཞི་མཐོ་ལ་སྤུས་ཚད་མཐོ་བའི་ངང་སྤེལ་བར་བྱེད་ནུས་གལ་ཆེན་བཏོན་ཟེར།

ཁྲིན་ཧའོ་ཡིས་ནན་གྱིས་བསྟན་དོན། སློབ་སྦྱོང་སློབ་གསོ་ལས་རིམ་ཡོངས་ལ་ཁྱབ་ཏུ་འཇུག་དགོས་པ་དང་ཆབ་སྲིད་རང་རྟོགས་མངོན་སུམ་གྱིས་ཇེ་དྲག་ཏུ་གཏོང་དགོས། སྲིད་ཇུས་ཀྱི་སྣེ་འདོམས་ལ་ཤུགས་བསྣན་ནས། གཟབ་ནན་དང་དོན་ལྡན་གྱི་སྒོ་ནས་ནོར་འཁྲུལ་ཡོ་བསྲང་བྱེད་དགོས། རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་ཁྲིད་ཕྱོགས་ལ་ཤུགས་བསྣན་ནས། དཔུང་སྡེ་བརྟན་པོ་འཛུགས་དགོས་ཟེར།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།