མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ་བཞི་པའི་ཚེས་དགུ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་གི་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། རང་ཞིང་གི་ལག་བསྟར་གྲོས་གཞི་ལ་ཞིབ་འཇུག་བྱས་ལ། འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་འགོ་མཛིན་བྱས།

ཚོགས་ཐོག་ནས་བསྟན་དོན། ཏང་ཀྲུང་དབྱང་གིས་བཀོད་པའི་དུས་རབས་གསར་བར་དབུས་རྒྱུད་ས་ཁུལ་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བའི་འཐབ་ཇུས་དང་ཇུས་ཆོད་བཀོད་སྒྲིག་གལ་ཆེན་གྱིས། ཁུལ་ཁོངས་མཐུན་སྦྱོར་སྒོས་འཕེལ་རྒྱས་སུ་གཏོང་བ་དང་རྒྱལ་ཡོངས་བསམ་ཇུས་གཅིག་གི་ཇུས་བཟང་ལག་བསྟར་བྱེད་པའི་ཐད་ཁ་ཕྱོགས་གསལ་བོ་བསྟན་པ་དང་གཞི་འཛིན་ས་འདོན་སྤྲོད་བྱས། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ནན་མོ་དང་རྒྱུས་ལོན་གསལ་བོ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་ཟུང་འབྲེལ་བྱེད་པ། འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་འཛུགས་སྐྲུན་བྱེད་པར་དམིགས་ནས། རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་དང་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་འབེན་ས་ཆ། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ས་ཆ་འཛུགས་སྐྲུན་བྱེད་པ་དང་། དབུས་རྒྱུད་ས་ཁུལ་བར་གྱི་སྦྲེལ་མཐུད་བརྗེ་རེས་འབྲེལ་འདྲིས་ལ་ཤུགས་སྣོན་པ། སྔོན་ཐོན་ཉམས་མྱོང་སློབ་སྦྱོང་བྱེད་པ། མཁོ་འདོན་དགོས་མཁོ་ལ་གཅིག་གྱུར་འཆར་འགོད་བྱེད་པ། དབུས་རྒྱུད་ས་ཁུལ་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བའི་སྐབས་དང་བསྟུན་པ། དབུས་རྒྱུད་ས་ཁུལ་འཕེལ་རྒྱས་སུ་གཏོང་བར་ཞབས་འདེགས་ཞུ་བའི་གོ་རིམ་ཁྲོད། མཚོ་སྔོན་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བའི་ལམ་དུ་ཞུགས་པར་སྐུལ་འདེད་གཏོང་དགོས་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་བསྟུད་མར་ལོ་དགུ་ལ་འོས་འགན་སྡོང་འཛུགས་བྱ་འགུལ་ལ་ཞུགས་པ་དང་། དངོས་སུ་རྒྱལ་ཁོངས་ལྗང་བསྒྱུར་ཐད་ཤུགས་བསྣན་ནས། ང་ཚོར་མིག་དཔེ་དང་དཔེ་མཚོན་བྱས། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་རྒྱལ་ཁོངས་ལྗང་བསྒྱུར་སྐུལ་སློང་ཚོགས་ཆེན་གྱི་བཀོད་སྒྲིག་ལྟར། དུས་ཚོད་དམ་འཛིན་བྱེད་པ་དང་ཤུགས་ཆེར་སྐྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆུ་དྭངས་རི་ལྗང་ནམ་ཡང་མཚོ་སྔོན་གྱི་དགེ་མཚན་དང་ང་རྒྱལ་དུ་འགྱུར་བར་བྱེད་པའི་མངག་བཅོལ་གལ་ཆེན་མཐའ་གཅིག་ཏུ་ལག་བསྟར་བྱས་ཏེ། ལྗང་བསྒྱུར་ལྗང་སྲུང་གི་འགུལ་སྐྱོད་དངོས་ལ་བརྟེན་ནས་ཀྲུང་ཧྭའི་ཆུ་གཏེར་གྱི་སྲུང་སྐྱོབ་མི་སྣ་བྱེད་དགོས་ཟེར།

ཚོགས་ཐོག་ནས་བསྟན་དོན། ཏང་བཙུགས་ནས་ལོ་འཁོར་བརྒྱ་ལོན་པའི་སྐབས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་སྤྱི་སྡོམ་གཟེངས་བསྟོད་ཚོགས་ཆེན་སྟེང་གཟེངས་བསྟོད་དང་བྱ་དགའ་ཐོབ་པའི་འཐུས་མིར་མཇལ་འཕྲད་གནང་བ་དང་། དེས་རྒྱུན་རྣམ་སྒོས་ངན་སེལ་ནག་འཇོམས་ཀྱི་འཐབ་རྩོད་སྤེལ་བ་དང་ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་ཀྲུང་གོ་འཛུགས་སྐྲུན་བྱེད་པར་ཧ་ཅང་མཐོང་ཆེན་བྱེད་པ་དང་ཆོད་སེམས་བརྟན་པོ་མཚོན་ཡོད། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ཡང་དག་པ་ད་ཆ་ཚང་བའི་སྒོ་ནས་ལག་བསྟར་བྱེད་པ་དང་། མཚོ་སྔོན་གྱི་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཐད་ཀྱི་ཉམས་མྱོང་རྩ་ཆེན་སྤྱི་སྡོམ་བྱེད་པ། ད་ཡོད་ཀྱི་རྣམ་པ་བཟང་བོར་སྔར་ལས་གཅེས་སྤྲས་བྱེད་པ། ཆེད་དོན་འཐབ་རྩོད་ཀྱི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དུ་གཏོང་བ་དང་རྒྱ་སྐྱེད་དེ། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་ཧྲིལ་བོའི་འཆམ་མཐུན་གཏན་འཇགས་ལ་ཁག་ཐེག་བྱེད་པ་དང་། རིགས་སོ་སོའི་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་། བདེ་སྣང་རྒྱུན་མ་ཆད་པར་ཇེ་དྲག་ཏུ་གཏོང་དགོས་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བའི་ཚུན་དུ། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་འཆར་འགོད་བཟང་བོ་དང་གཅིག་གྱུར་འཆར་འགོད་བྱས་པ་དང་། བཀོད་གཏོང་བཟང་བོ་བྱས་པས། སྤྱིའི་གྲུབ་འབྲས་ཧ་ཅང་བཟང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་ཆེན་སྟེང་གི་གསུང་བཤད་གལ་ཆེན་དང་གསར་བརྗེ་རིག་དངོས་བྱ་བའི་ཐད་ཀྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དཔྱིས་ཕྱིན་པ་དང་རྒྱུས་ལོན་གསལ་བོ་བྱེད་པ་དང་། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་སོ་སོའི་ཏང་ཨུའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་འགོ་ཁྲིད་ཚན་ཆུང་གི་འགན་ཁུར་བློ་མཐུན་གྱི་བཞུགས་མོལ་ཚོགས་འདུ་དང་རྒྱལ་ཡོངས་གསར་བརྗེ་རིག་དངོས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་ནན་མོ་བྱེད་པ། སློབ་སྦྱོང་སློབ་གསོའི་སྤྱིའི་རེ་བ་དོན་འཁྱོལ་བྱེད་པ། ཏང་ཡོན་ལས་བྱེད་པའི་སྙིང་སྟོབས་ལ་ཞིབ་དཔྱད་བྱེད་པ། གཙོ་གནད་དམ་འཛིན་དང་དུས་ཚོད་ཁོང་དུ་ཆུད་པར་བྱེད་པ། ཁྱད་ཆོས་བསྐྲུན་པའི་སྟེང་ཤུགས་འདོན་པ། མཚོ་སྔོན་གྱི་ཁྱད་ཆོས་འབུར་དུ་ཐོན་པར་བྱེད་པ་དང་མཚོ་སྔོན་གྱི་བྱ་བ་དྲིལ་སྒྲོག་བྱེད་པ། མཚོ་སྔོན་གྱི་སྣང་བརྙན་མངོན་པར་བྱེད་པའི་སྟེང་ཤུགས་འདོན་པ། ཏང་ཡོན་ལས་བྱེད་པས་གོ་བར་བྱེད་པ་དང་ཡིད་ལ་འཛིན་པ། སློབ་སྦྱོང་བཟང་བོ་བྱེད་པའི་སྟེང་ཤུགས་འདོན་པ། སློབ་སྦྱོང་སློབ་གསོ་དང་བྱ་བ་སྤེལ་བ་གཉིས་ཟུང་འབྲེལ་བྱེད་པའི་སྟེང་ཤུགས་བཏོན་ནས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་དགོས་ཟེར།

ཚོགས་ཐོག་ནས་ཀྲུང་དབྱང་སྐོར་ཞིབ་ཡར་ཞུ་གྲོས་གཞི་དག་ཐེར་ལེགས་བཅོས་དང་ཀྲུང་དབྱང་གི་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་གཞུང་སྒྲུབ་ཁང་གི་ལྟ་ཞིབ་ཡར་ཞུ་གྲོས་གཞི་དག་ཐེར་ལེགས་བཅོས་བྱེད་པའི་བྱ་བར་ཞིབ་འཇུག་བྱས་པ་དང་། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཁྱོན་ཡོངས་ནས་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་ཨུ་ཡོན་ལྷན་ཁང་གི2020ལོའི་བྱ་བའི་སྤྱི་སྡོམ་སྙན་ཞུ་དང2021ལོའི་བྱ་བའི་གཙོ་གནད་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི2020ལོ་ནས2025ལོའི་ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྲུན་འཆར་འགོད་ལག་བསྟར་བྱེད་པའི་སྐོར་གྱི་ལག་བསྟར་ཇུས་གཞི། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཁྲིམས་སྐྱོང་སྤྱི་ཚོགས་འཛུགས་སྐྲུན་གྱི2020ལོ་ནས2025ལོའི་ལག་བསྟར་རྩ་གནད་ལག་བསྟར་བྱེད་པའི་སྐོར་གྱི་ལག་བསྟར་ཇུས་གཞི། མཚོ་སྔོན་ཞིང་ཆེན་གྱི་སྲིད་འཛིན་བསྐྱར་གྲོས་སྒྲིག་གཞི་བཅོས་བསྒྱུར་ལག་བསྟར་ཇུས་གཞི་སོགས་ལ་གྲོས་ཞིབ་བྱས་པ་དང་། བྱ་བ་གཞན་པར་ཞིབ་འཇུག་བྱས།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།