འཛམ་གླིང་རིམ་པའི་ཚྭ་མཚོ་ཐོན་ལས་རྟེན་གཞི་འཛུགས་སྐྲུན་བྱེད་པའི་འཆར་འགོད་སྒྲིག་བཟོ་ཇུས་གཞིའི་ཞིབ་འཇུག་ཆེད་དོན་གྲོས་ཚོགས་ཟི་ལིང་ནས་འཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  འཛམ་གླིང་རིམ་པའི་ཚྭ་མཚོ་ཐོན་ལས་རྟེན་གཞི་འཛུགས་སྐྲུན་བྱེད་པའི་འཆར་འགོད་སྒྲིག་བཟོ་ཇུས་གཞིའི་ཞིབ་འཇུག་ཆེད་དོན་གྲོས་ཚོགས་ཟླ་བཞི་པའི་ཚེས་དགུ་ཉིན་ཟི་ལིང་ནས་འཚོགས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཝང་ལིས་མེན་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཝུའུ་ཧའེ་ཁུན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

ཚོགས་ཐོག་ནས་བསྟན་དོན། 2016ལོའི་ཟླ་བརྒྱད་པ་ནས2021ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྐབས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐེངས་གཉིས་ལ་ཚྭ་མཚོ་ཐོན་ལས་ཐད་གསུང་བཤད་གལ་ཆེན་གནང་ནས། རང་ཞིང་གི་འཕེལ་རྒྱས་དམིགས་འབེན་དང་ལམ་བུ་གཏན་ཁེལ་གསལ་བོ་བྱས། འཆར་འགོད་སྒྲིག་བཟོ་བཟང་བོ་བྱེད་པ་ནི་ཞིང་ཆེན་ཏང་ཨུའི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་བྱེད་པའི་རེ་བ་དང་། རང་ཞིང་གི་འཕེལ་རྒྱས་སུ་གཏོང་སྟངས་གསར་པ་བསྐྲུན་པའི་ངེས་རྒྱུད་ཀྱི་ལམ་ཞིག་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ཟབ་མོ་བྱེད་པ་དང་། གོ་དོན་གཙོ་བོར་རྒྱུས་ལོན་ཟབ་མོ་བྱེད་པ། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་གཏོང་བ། འཆར་འགོད་སྒྲིག་བཟོ་བྱ་བར་ཧ་ཅང་མཐོང་ཆེན་བྱས་ནས། འཛམ་གླིང་རང་བཞིན་གྱི་ཚྭ་མཚོའི་ཐོན་ཁུངས་ཐོན་ལས་རྟེན་གཞི་འཛུགས་སྐྲུན་བྱེད་པའི་ཐད་ཡིད་ཚིམ་པའི་རྒྱུགས་ལན་སྤྲོད་དགོས་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ལོ་ངོ་དྲུག་ཅུ་རིང་གི་འཕེལ་རྒྱས་བརྒྱུད་དེ། རང་ཞིང་གི་ཚྭ་མཚོ་ཐོན་ལས་ཐད་ནས་གྲུབ་འབྲས་ངེས་ཅན་བླངས་ན་ཡང་། འཛམ་གླིང་རང་བཞིན་གྱི་ཚྭ་མཚོའི་ཐོན་ལས་རྟེན་གཞི་འཛུགས་སྐྲུན་བྱེད་པའི་ལས་འགན་ཧ་ཅང་ལྕི་བས། འཛམ་གླིང་གི་སྤུས་ལེགས་ཁེ་ལས་རྟེན་གཞི་འཛུགས་སྐྲུན་ཚད་གཞིར་བཟུང་ནས། སྤུས་ཚད་མཐོན་པོས་འཆར་འགོད་སྒྲིག་བཟོ་ལ་འཆར་འགོད་བྱེད་དགོས། ཞིབ་འཇུག་ལ་ཤུགས་སྣོན་པ་དང་། འཛམ་གླིང་རིམ་པའི་ཚྭ་མཚོ་ཐོན་ལས་རྟེན་གཞིའི་ཚད་གཞི་དང་ལམ་བུ། དུས་རིམ་དམིགས་འབེན་སོགས་བརྗོད་སྙིང་ལ་རྒྱུས་ལོན་གསལ་བོ་བྱེད་པ། དཔྱད་གཞི་གཙོ་བོར་ཞིབ་འཇུག་བརྟན་བརླིང་བྱས་ཏེ། འཆར་འགོད་དམིགས་འབེན་གཏན་ཁེལ་གསལ་བོ་བྱེད་དགོས། སྲིད་ཇུས་བྱེད་ཐབས་སྔར་ལས་ཇེ་བཟང་དུ་གཏོང་བ་དང་། བྱ་བའི་མཉམ་ཤུགས་གྲུབ་པར་བྱེད་པ། རྩ་འཛུགས་འགོ་ཁྲིད་ཇེ་དྲག་ཏུ་གཏོང་བ། འགན་འཁྲི་ཁག་བགོས་གསལ་བོ་བྱེད་པ། རྒྱལ་ཁབ་ཀྱི་པུའུ་དང་ཨུ་ཡོན་ལྷན་ཁང་གི་རྒྱབ་སྐྱོར་བརྩོན་ལེན་བྱས་ནས། འཆར་འགོད་སྒྲིག་བཟོ་བདེ་བླག་ངང་སྤེལ་བར་ཁག་ཐེག་བྱེད་དགོས། འདས་ཟིན་པའི་ཚྭ་མཚོ་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་ཐད་ཀྱི་ཉམས་མྱོང་རྩ་ཆེན་སྤྱི་སྡོམ་བྱས་ཏེ། ལག་ལེན་ལ་བརྟེན་ནས་འཆར་འགོད་སྒྲིག་བཟོ་བྱ་བའི་ཐད་མཛུབ་ཁྲིད་བྱེད་དགོས། ད་ཡོད་ཀྱི་འཆར་འགོད་འགའི་བར་གྱི་འབྲེལ་བ་ཐག་གཅོད་བཟང་བོ་བྱེད་པ་དང་། བསམ་ཕྱོགས་དང་དམིགས་འབེན། བྱེད་ཐབས་སོགས་ཕྱོགས་ནས་ཕན་ཚུན་སྐུལ་འདེད་གཏོང་བ་དང་གཅིག་གྱུར་བྱས་ཏེ། འཆར་འགོད་ཀྱི་ཚན་རིག་རང་བཞིན་དང་དབང་ཟིལ་རང་བཞིན། སྔོན་དཔག་རང་བཞིན་མཐོར་འདེགས་གཏོང་དགོས་ཟེར། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།