མཚོ་སྔོན་ཁྲི་ཀའི་སྐབས་བཅུ་དྲུག་པའི་རྨ་ཆུའི་རིག་གནས་ཡུལ་སྐོར་དུས་ཚིགས་མགོ་ཚུགས་པ།

640.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ4པའི་ཚེས9ཉིན་གྱི་སྔ་དྲོར། 2021ལོའི་མཚོ་སྔོན་ཁྲི་ཀའི་སྐབས་བཅུ་དྲུག་པའི་རྨ་ཆུའི་རིག་གནས་ཡུལ་སྐོར་དུས་ཚིགས་ཀྱི་མགོ་ཚུགས་མཛད་སྒོ་ཁྲི་ཀ་རྫོང་གི་ཧྲའེ་ཁྲེ་ཐང་ཆེན(ཆུ་འཁོར་ཐང་ཆེན)དུ་བསྡུས། ཐེངས་འདིའི་བྱ་འགུལ་དུས་ཡུན་ཟླ་གཅིག་ལྷག་ལ་སྤེལ་རྒྱུ་ཡིན་པ་དང་། བྱ་འགུལ་གྱི་ནང་དོན་ལ་ཡིག་རྩལ་འགྲན་བསྡུར་དང་སིལ་ཏོག་བཏོགས་པ། ལུས་རྩལ་འགྲན་བསྡུར་སོགས་འདུས། དེ་དག་གི་ཁྲོད། ལི་སྡོང་མེ་ཏོག་གློག་རྡུལ་ཚོང་དོན་དུས་ཆེན་སྐབས་དང་པོའི་སྟེང་དུ། ཡུལ་དངོས་ཀྱི་མྱོང་ཞིབ་དང་ཐད་གཏོང་ཟོག་འཚོང་སོགས་ཀྱི་རྣམ་པ་བརྒྱུད་དེ། ཕྱི་ཕྱོགས་སུ་ཁྲི་ཀའི་ཐུན་མོང་མ་ཡིན་པའི་རིག་གནས་ཡུལ་སྐོར་ཐོན་རྫས་དང་ཞིང་ལས་ཐོན་རྫས་མངོན་པར་བྱས་ཡོད། 

ཉེ་བའི་ལོ་འགའི་རིང་། ཡུལ་སྐོར་དཔལ་འབྱོར་མགྱོགས་མྱུར་ངང་འཕར་བ་དང་བསྟུན་ནས། ཡུལ་སྐོར་ཐོན་ལས་ཀྱི་གནས་བབ་དང་བྱེད་ནུས་མུ་མཐུད་མཐོ་རུ་ཕྱིན་པ་དང་། ཡུལ་སྐོར་ལས་རིགས་དེ་ཁྲི་ཀའི་ཞབས་ཞུ་ལས་རིགས་ཁྲོད་འཐབ་ཇུས་རང་བཞིན་དང་གཙོ་རྐང་ཐོན་ལས་སུ་གྱུར་ཡོད་པས། ཁྲི་ཀ་རྫོང་གི་དཔལ་འབྱོར་སྤྱི་ཚོགས་ཀྱི་སྐུལ་འདེད་ནུས་པ་ཉིན་རེ་བཞིན་འབུར་དུ་ཐོན་བཞིན་ཡོད། "རིག་གནས་ཀྱིས་སྟེགས་བུ་བསྐྲུན། དཔལ་འབྱོར་གྱིས་ཟློས་གར་འཁྲབ"པའི་རྣམ་པ་ཟུང་དུ་སྦྲེལ་ཏེ། ཁྲི་ཀ་རྫོང་གིས་སྔ་གཞུག་ཏུ་མཚོ་སྔོན་པོ་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་བསྡུར་གྱི་ལམ་དུམ་དང་། ཀྲུང་གོའི་མཚོ་སྔོན་རྒྱལ་སྤྱིའི(དགུན་དུས)རྨ་ཆུ་འཕྲེད་རྐྱལ་གྱི་འགྲན་སྡུར་དང་། ཀྲུང་ཧྭའི་ཆུ་ལྕོག་རྒྱལ་སྤྱིའི་བྱེས་བགྲོད་འགྲན་བསྡུར་ཆེན་མོའི་ཁྲི་ཀའི་ས་ཚུགས། ཁྲི་ཀའི་རྒྱལ་ཁབ་ས་གཤིས་སྤྱི་གླིང་རྒྱལ་སྤྱིའི་ལྕགས་རྟ་འགྲན་བསྡུར་སོགས་རིག་རྩལ་འགྲན་བསྡུར་བྱེད་སྒོ་མང་བོ་བདེ་ལེགས་ངང་སྤེལ་ཡོད་པ་དང་། རིག་གནས་དར་རྒྱས་ཀྱི་སྐུལ་ཁྲིད་འོག ཡུལ་སྐོར་འཕེལ་རྒྱས་ལ་སྣེ་ཁྲིད་པའི་རྣམ་པ་གསར་བ་མངོན་ཡོད། 

རྨ་ཆུའི་རིག་གནས་ཡུལ་སྐོར་དུས་ཚུགས་ནི་ཁྲི་ཀའི་གཞི་ཁྱོན་ཆེས་ཆེ་བ་དང་ཚད་གཞི་ཆེས་མཐོ་བ། ཆེས་ཁྱད་ཆོས་ལྡན་པ། དམངས་ཡོངས་ཟུར་ཞུགས་བྱེད་པའི་སྤྲོ་འཚོགས་ཞིག་དང་། ལམ་ཕྱོགས་མང་པོས་ཁྲི་ཀའི་སྤུས་དག་ཐོན་ཁུངས་དྲིལ་བསྒྲགས་ངོ་སྤྲོད་བྱེད་པ་དང་། ཁྱབ་ཁོངས་མང་པོར་ཚོང་འགུག་དངུལ་གཏོང་བྱེད་པ། ཁྱབ་རྒྱ་ཆེན་པོས་སྒོ་འབྱེད་འཕེལ་རྒྱས་ལ་བརྩོན་པ། ཕྱི་ཕྱོགས་ནས་ཁྲི་ཀ་རྒྱུས་ལོན་བྱེད་པ་དང་ཁྲི་ཀར་ལྟ་སྐོར་བྱེད་པ། ཁྲི་ཀར་མ་དངུལ་གཏོང་བའི་ཐབས་ལམ་ཇེ་ཆེ་རུ་བཏང་ཡོད་པས། ཁྲི་ཀ་རྫོང་གི་སྤྱི་ཚོགས་དཔལ་འབྱོར་གྱི་ལས་དོན་སོ་སོར་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ཡོད་ཅེས་ཁྲི་ཀ་རྫོང་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་གནམ་ལྷས་དེ་ལྟར་བཤད།  །

རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།

དཔྱད་མཆན 0 ཡོད།