རྨ་ལྷོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་འཕེལ་རིམ་གསར་པ་དང་རྣམ་པ་གསར་པ་མངོན་པར་བྱེད་ཀྱིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྨ་ལྷོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་འཕེལ་རིམ་གསར་པ་དང་རྣམ་པ་གསར་པ་མངོན་པར་བྱེད་ཀྱིན་པ།

བསྟུད་མར་ཉིན་འགའི་རིང་ལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་ཚོགས་འདུ་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་མཚོ་སྔོན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་པའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་གཏིང་ཟབ་ཀྱིས་སློབ་སྦྱོང་དོན་འཁྱོལ་བྱས་ཤིང་། སློབ་སྦྱོང་དྲིལ་སྒྲོག་དང་དོན་འཁྱོལ་དངོས་འབེབས་ཀྱི་བྱ་བ་བཀོད་སྒྲིག་བྱས།

རྨ་ལྷོ་ཁུལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དོན་འཁྱོལ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་མགོ་རྩོམ་པ། ཁུལ་ཡོངས་ཀྱི་གཙོ་གནད་བྱ་བར་སྐུལ་འདེད་བྱེད་པ་བཅས་ལ་ཟུང་འབྲེལ་དམ་པོ་བྱས་ཏེ། དགོངས་པ་གསར་པ་དང་དགོངས་དོན་གསར་པ། བླང་བྱ་གསར་པ་བཅས་ལ་གོ་བ་གཏིང་ཟབ་ལེན་པ་དང་། གོ་དོན་མཐིལ་རྟོགས་ཀྱིས་དངོས་འབེབས་ལ་བྱང་བར་བྱེད་པ། ཆབ་སྲིད་ཀྱི་བརྡར་ཤ་གཅོད་པའི་ནུས་པ་དང་ཆབ་སྲིད་ཀྱི་ངེས་དོན་རྟོགས་པའི་ནུས་པ། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་ཇེ་མཐོར་གཏོང་བ། ཏང་ཡོན་ལས་བྱེད་པའི་ཕུགས་འདུན་ཇེ་བརྟན་དང་ཐོག་མའི་བསམ་འདུན་བརྟན་ཆགས་བྱེད་པར་སྣེ་ཁྲིད་པ། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་སྤེལ་བའི་གྲུབ་འབྲས་དེ་རྨ་ལྷོའི་བྱ་གཞག་སྒྲུབ་པའི་སྒུལ་ཤུགས་ཆེན་པོར་བསྒྱུར་བ། ལས་གཞི་འཛུགས་སྐྲུན་དང་གྲོང་གསེབ་དར་སྤེལ། “ལྔ་བཅུ་བཞི”འཆར་འགོད་སྒྲིག་ལུགས། དམངས་འཚོའི་དོན་དངོས་སོགས་ཀྱི་བྱ་བ་ཤུགས་གང་ཡོད་ཀྱིས་ལེགས་འཛིན་བྱེད་པ་བཅས་ཀྱིས། “ལྔ་བཅུ་བཞི”ཡི་མགོ་ལེགས་པོར་རྩོམ་པ་དང་གོམ་པ་བརྟན་པོར་སྤོ་བ་དང་། གཡུར་དུ་ཟ་བའི་གྲུབ་འབྲས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་རྒྱུ་རེད།

ཁུལ་དེས་གསུང་བཤད་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་དངོས་འབེབས་བྱེད་པ་དེ་རྨ་ལྷོའི་སྣ་སོ་སོའི་གཙོ་གནད་བྱ་བ་དང་ཟུང་འབྲེལ་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འགན་འཁྲི་བློ་ཐག་རྦད་ཆོད་ཀྱིས་སྲུང་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་དུ་བློ་ཐག་རྦད་ཆོད་ཀྱིས་སྐྱོད་པ། དམངས་འཚོའི་བདེ་སྐྱིད་འཕེལ་བའི་ལས་དོན་བློ་ཐག་རྦད་ཆོད་ཀྱིས་སྒྲུབ་པ། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་བློ་ཐག་རྦད་ཆོད་ཀྱིས་ལེགས་འཛིན་བྱེད་པ། དད་མོས་རྟེན་གཞི་བརྟན་འཛུགས་ཀྱི“བློ་ཐག་ཆོད་པ་བཞི”འཛིན་ས་བྱེད་པ། “རི་གཉིས་སྨྲ་བ”ལེགས་པར་སློབ་སྦྱོང་དང་ལག་ལེན་བྱེད་པ། ཐོན་ལས་སྐྱེ་ཁམས་ཅན་དང་སྐྱེ་ཁམས་ཐོན་ལས་ཅན་གྱི“ཅན་གཉིས་ལམ་བུར”གཏིང་ཟབ་དང་ཏན་ཏིག་གིས་བགྲོད་པ། སྐྱེ་ཁམས་མ་ལག་སྲུང་སྐྱོབ་དང་ཞིག་གསོ་བྱེད་པར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། རྨ་ལྷོའི་ནམ་མཁའ་སྔར་བས་སྔོ་ཞིང་ས་གཞི་སྔར་བས་ལྗང་བ། ཆུ་མོ་སྔར་བས་དྭངས་པ། མཁའ་དབུགས་སྔར་བས་གཙང་མར་བསྒྱུར་བ་དང་། དུས་མཚུངས་སུ། ཁུལ་ཡོངས་ཀྱི“ལྔ་བཅུ་བཞི”འཆར་འགོད་དང2035ལོའི་རྒྱང་རིང་དམིགས་འབེན་གྱི་རྩ་གནད་བཀོད་སྒྲིག་ལ་དམིགས་ཏེ། རྨ་ལྷོའི་ཁྱད་ཆོས་མངོན་པའི་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་གསར་སྐྲུན་དང་། རྒྱང་སྐྱོད་ཀྱི་བགྲོད་ལམ་གསར་པའི་ཁྲོད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་འཕེལ་རིམ་གསར་པ་དང་རྣམ་པ་གསར་པ་མངོན་པར་མ་ཟད། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དེ་གྲོང་གསེབ་དར་སྤེལ་དང་ཕན་ནུས་ལྡན་པའི་སྒོ་ནས་སྦྲེལ་མཐུད་བྱས་ནས་ཏན་ཏིག་གིས་སྒྲུབ་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་གྱི་གྲུབ་འབྲས་གཏིང་ཟབ་ཏུ་བཏང་ནས། “སྲོག་ཤིང་གཅིག་དང་སྐྱོང་བ་གསུམ”གྱི་ས་གནས་བཅོས་སྐྱོང་གི་རྨ་ལྷོའི་དཔེ་དབྱིབས་སྲ་བརྟན་མཐོར་འདེགས་གཏོང་རྒྱུ་རེད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།