“རབ་མཛེས་མཚོ་སྔོན། སྐྱེ་ཁམས་ཡུལ་སྐོར་གྱིས་ཁྱེད་ལ་བསུ་མ་བྱེད”ཅེས་པའི་མུ་འབྲེལ་བྱ་འགུལ་སྤེལ་མགོ་བརྩམས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས28ཉིན་ནས་བཟུང་། རང་ཞིང་གིས“རབ་མཛེས་མཚོ་སྔོན། སྐྱེ་ཁམས་ཡུལ་སྐོར་གྱིས་ཁྱེད་ལ་བསུ་མ་བྱེད”ཅེས་པའི་མུ་འབྲེལ་བྱ་འགུལ་སྤེལ་མགོ་བརྩམས་པ་དང་། བྱ་འགུལ་ཧྲིལ་པོ2021ལོའི་ཟླ11པའི་བར་ཡུན་བསྲིང་རྒྱུ་ཡིན་པ་དང་། དེའི་སྐབས་སུ་གཙོ་བོ་དོན་ཚན18ཀྱི་རིག་གནས་ཡུལ་སྐོར་བྱ་འགུལ20སྤེལ་རྒྱུ་རེད། དྲ་ངོས་དང་དྲ་ངོས་མ་ཡིན་པ་གཉིས་ནས་མཉམ་སྦྲེལ་མཉམ་སྒུལ་བྱེད་པ་དང་། སྤྲིན་སྣེ་དང་རང་ཡུལ་གཉིས་ནས་གཅིག་ཕན་གཅིག་གྲོགས་བྱས་ཏེ་རབ་མཛེས་མཚོ་སྔོན་གྱི་སྐྱེ་ཁམས་ཡུལ་སྐོར་སྣང་ཚུལ་བསྐྲུན་ནས། མཚོ་སྔོན་ཡིད་སྨོན་འཆོར་སའི་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱེད་ས་ཞིག་ཏུ་བསྐྲུན་པའི་ཐད་ཧུར་བརྩོན་བྱེད་རྒྱུ་རེད། འདི་ནི་གསར་འགོད་པས་ཟླ3པའི་ཚེས25ཉིན་བསྡུས་པའི་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུའི་སྟེང་ནས་ཤེས་པའི་གནས་ཚུལ་རེད།

ད་ལོར། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་ཆབ་སྲིད་ཀྱི་ལངས་གནས་མཐོན་པོ་དང་འགན་འཁྲི་ཕྲག་ཏུ་འཁུར་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཁྱོན་ཡོངས་ནས་མཐའ་འཁྱོལ་བྱས་ཏེ། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱེད་ས་བསྐྲུན་པ་དེ་མིག་སྔར་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་དོན་སྙིང་གལ་ཆེན་དང་ཆབ་སྲིད་ཀྱི་ལས་འགན་གཙོ་བོར་བརྩིས་ནས། “སྐྱེ་ཁམས་གཅིག་གྱུར་འཆར་འགོད་བྱེད་པ་དང་། སྐྱེ་ཁམས་ཐོན་ཁུངས་ཧྲག་སྡེབ་བྱེད་པ། སྐྱེ་ཁམས་ཀྱིས་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པ། སྐྱེ་ཁམས་མཉམ་སྐྲུན་མཉམ་སྤྱོད་བྱེད་པ”གཙོ་གནད་དུ་བཟུང་སྟེ། སྐྱེ་ཁམས་ཡུལ་སྐོར་གྱི་འཕེལ་རྒྱས་ལ་ཤུགས་ཡོད་རྒུས་སྐུལ་འདེད་གཏང་རྒྱུ་ཡིན་ལ། གྲ་སྒྲིག་བྱས་པ་བརྒྱུད་ནས“རབ་མཛེས་མཚོ་སྔོན། སྐྱེ་ཁམས་ཡུལ་སྐོར་གྱིས་ཁྱེད་ལ་བསུ་མ་བྱེད”ཅེས་པའི་བྱ་འགུལ་དང་། 2021ལོའི་རིག་གནས་དང་ཡུལ་སྐོར་དུས་ཆེན། ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་ཚོགས་ཆེན། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱེད་ས་གསར་སྐྲུན་བྱེད་པའི་རྩེ་གྲས་གླེང་སྟེགས་སོགས་ཀྱི་ཆུ་ཚད་མཐོ་ཞིང་སྤུས་ཚད་མཐོ་བའི་བྱ་འགུལ་སྤེལ་རྒྱུ་རེད། “རབ་མཛེས་མཚོ་སྔོན། སྐྱེ་ཁམས་ཡུལ་སྐོར་གྱིས་ཁྱེད་ལ་བསུ་མ་བྱེད”ཅེས་པའི་བྱ་འགུལ་ནི2021ལོའི་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་སྤེལ་བའི་བྱ་འགུལ་ཆེན་པོ་ཐོག་མ་ཡིན་ལ། མཚོ་སྔོན་གྱི་རིག་གནས་དང་ཡུལ་སྐོར“རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱེད་ས”རུ་བསྐྲུན་པའི་མུ་འབྲེལ་བྱ་འགུལ་གལ་ཆེན་གྱི་ཐོག་མ་དང་མགོ་བརྗོད་ལྟ་བུའང་ཡིན།

ཐེངས་འདིའི་བྱ་འགུལ་གྱི་རྣམ་པ་གསར་པ་ཡིན་ལ་ནང་དོན་ཕུན་སུམ་ཚོགས་ཤིང་། སྤྲིན་སྣེའི་རིག་གནས་ཡུལ་སྐོར་བརྒྱུད་ནས་ཕྱི་ཕྱོགས་སུ་བརྗེ་རེས་མཉམ་ལས་ཀྱི་རྣམ་པ་གསར་པ་བསྐྲུན་ཏེ། 2021ལོའི“གཞན་དང་མི་འདྲ་བའི་མཚོ་སྔོན”ཅང་སུའུ་རུ་འོས་སྦྱོར་བྱེད་པའི་ཡུལ་སྐོར་ལམ་ཐིག་ཏུ་བསྐྱོད་པའི་བྱ་འགུལ་དང་། སྐྱེ་ཁམས་བྲོ་གར《གཙང་པོའི་འབྱུང་ཁུངས》ཀྲུང་གོའི(ཀྲིན་ཀྲོའུ)རྨ་ཆུའི་རིག་གནས་ཟླ་བ་སྟེ་རྨ་ཆུ་བཞུར་རྒྱུན་གར་སྟེགས་ཀྱི་སྒྱུ་རྩལ་རྩེ་གྲས་ལམ་ཐིག་གི་འཁྲབ་སྟོན་དུས་ཚིགས་སུ་ཞུགས་པའི་བྱ་འགུལ་དང་། ཀྲུང་གོར་སྡོད་པའི་ཀི་ལོམ་པི་ཡ་གཞུང་ཚབ་ཁང་གིས་སྤེལ་བའི་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི་ཆེད་དམིགས་དྲ་ངོས་ཀྱི་འཁྲབ་སྟོན་བྱ་འགུལ། “རབ་མཛེས་མཚོ་སྔོན”ཨེ་ཅིབ་རྒྱལ་ཁབ་ཏུ་བསྐྱོད་པ་སྟེ་རིག་གནས་ཡུལ་སྐོར་གྱི་བརྙན་ཐུང་མཉམ་གཏོང་བྱ་འགུལ་སོགས་སྤེལ་རྒྱུ་རེད། རིག་དངོས་བཤམས་སྟོན་བརྒྱུད་ནས་མཚོ་སྔོན་རིག་གནས་ཀྱི་ཁྱད་ཆོས་ལྡན་པའི་ཡོན་ཏན་འབུར་དུ་དོད་དེ་མཚོ་སྔོན་དངོས་མང་བཤམས་སྟོན་ཁང་མནའ་འབྲེལ་བཙུགས་ཟིན་པ་དང་། “རི་བརྒྱའི་གཙོ་བོ། ཆུ་བརྒྱའི་འབྱུང་ཁུངས། ལམ་བརྒྱའི་འགག་མདོ་སྟེ་རྒྱུད་གཅིག་ལམ་གཅིག་གི་མཚོ་སྔོན”(ཧྲེན་ཀྲེན)རིག་དངོས་བཤམས་སྟོན་དེ་ཧྲེན་ཀྲེན་གྲོང་ཁྱེར་བཤམས་སྟོན་ཁང་གི་གནའ་བོའི་སྒྱུ་རྩལ་ཁང་དུ་སྤེལ་རྒྱུ་ཡིན་པ་དང་། “རིག་གནས་ཀྱི་བག་ཆགས”ཏེ་ཀྲུང་གོའི་དར་གོས་ཚོང་ལམ་གྱི་མངོན་མིན་རིག་གནས་ཤུལ་བཞག་བཤམས་སྟོན”ཟི་ལིང་གྲོང་ཁྱེར་གྱི་ཧོང་ཀྲུང་ཆུས་བཤམས་སྟོན་ཁང་དུ་སྤེལ་རྒྱུ་རེད། འགྲིམ་འགྲུལ་དང་ཡུལ་སྐོར་མཉམ་འདྲེས་བརྒྱུད་ནས། སྐྱེ་ཁམས་ཡུལ་སྐོར་གྱི་ལེའུ་གསར་པ་འབྲི་བ་སྟེ། “སྤྲིན་གྱི་དར་གོས”ཝུན་ཀྲོའུ་ནས་ན་གོར་མོ་བར་གྱི་མཁའ་ལམ་ཤར་གཏོང་གི་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུའམ་ཡིད་དབང་འཕྲོག་པའི་མཚོ་ནུབ(ཝུན་ཀྲོའུ)ཀྱི་སྐྱེ་ཁམས་ཡུལ་སྐོར་འོས་སྦྱོར་ཚོགས་འདུ་སྤེལ་ནས། “རབ་མཛེས་མཚོ་སྔོན་གྱི་སྐྱེ་ཁམས་ཡུལ་སྐོར་ཆེད་གཏོང་མེ་འཁོར”ཟླ4པའི་ཚེས30ཉིན་ནས་ཟླ10པའི་ཚེས4ཉིན་བར་གཏོང་རྒྱུ་རེད། གྲངས་ཀའི་ལག་རྩལ་བརྒྱུད་ནས། རིག་གནས་ཡུལ་སྐོར་གྱི་ཉམས་ལེན་གསར་པ་ཇེ་མཐོར་གཏོང་བ་སྟེ། རབ་མཛེས་མཚོ་སྔོན་དུ་ཡུལ་སྐོར་བྱེད་པའི་དྲིལ་སྒྲོག་འོས་སྦྱོར་བྱ་འགུལ་སྤེལ་བ་དང་། “དཔེ་ཀློག་དྲི་བསུང་འཐུལ་བའི་མཚོ་སྔོན”གྱི་དཔེ་ཁང་ཆུང་བའི་རིགས་ཀྱི་བྱ་འགུལ་སྤེལ་རྒྱུ་རེད། གསར་བརྗེའི་བྱ་འགུལ་བརྒྱུད་ནས། མཚོ་སྔོན“གསར་བརྗེ”ཡི་གཏམ་རྒྱུད་བརྗོད་པ་དང་། “ལོ་ངོ་བརྒྱ་ཡི་གསར་སྐྲུན་གྱི་གྲུབ་འབྲས་བརྒྱ། བོད་ལམ་གཉིས་ཀྱི་སྙིང་སྟོབས་ཀྱིས་མཚར་སྡུག་བསྐྲུན”ཅེས་པ་སྟེ་པེ་ཅིན་ཟློས་གར《ཟླ་ངོ་བདུན་དང་ཉི་མ་བཞི》ཞེས་པ་མཚོ་སྔོན་ཟློས་གར་ཁང་ནས་འཁྲབ་སྟོན་བྱེད་པ། “མཚོ་སྔོན་གྱི་གཏམ་རྒྱུད་ང་ཡིས་བརྗོད། རབ་མཛེས་མཚོ་སྔོན་གྱི་མགྲིན་ཚབ་ང་ཡིས་བྱེད”ཅེས་པའི་མཚོ་སྔོན་ཞིང་ཆེན་གྱི་སྣེ་ཤན་པའི་འགྲན་སྡུར་སྐབས་བཅུ་པ་སོགས་སྤེལ་རྒྱུ་རེད།

དུས་མཚུངས་སུ། ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས“རབ་མཛེས་མཚོ་སྔོན། སྐྱེ་ཁམས་ཡུལ་སྐོར་གྱིས་ཁྱེད་ལ་བསུ་མ་བྱེད”ཅེས་པའི་སྐྱེ་ཁམས་ཡུལ་སྐོར་གྱི་ལམ་ཐིག་རྩེ་གྲས10བཏོན་ནས། ཡུལ་སྐོར་ལྗོངས་ཁུལ་མང་པོ་དང་མཉམ་དུ་ཚད་རིམ་མི་འདྲ་བའི་གཟིགས་སྐྱོང་བྱེད་ཐབས་མང་པོ་འདོན་རྒྱུ་རེད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།