དྭངས་གསལ་དུས་ཆེན་གྱི་གུང་གསེང་སྐབས་སུ་མཚོ་སྔོན་དམངས་སྤྱོད་མཁའ་འགྲུལ་ཀུང་སིས་ཡུལ་སྐོར་བ་མི་ཐེངས་ཁྲི5.83འགན་ལེན་བྱས་ཤིང་ལོ་སྔོན་མ་དང་བསྡུར་ན204.7%ཡིས་ཇེ་མང་དུ་སོང་ཡོད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ4བའི་ཚེས6ཉིན།  གསར་འགོད་པས་མཚོ་སྔོན་གནམ་གྲུ་འབབ་ཐང་ཚད་ཡོད་ཀུང་སི་ནས་རྒྱུས་ལོན་པ་ལྟར་ན།  དྭངས་གསལ་དུས་ཆེན་གྱི་གུང་གསེང་སྐབས་སུ་མཚོ་སྔོན་གནམ་གྲུ་འབབ་ཐང་ཚད་ཡོད་ཀུང་སིས་གནམ་གྲུ་ཐེངས620ལ་འགན་ལེན་བྱས་པ་དང་།  ཡུལ་སྐོར་བ་མི་ཐེངས་ཁྲི5.83ཀྱི་འགྲོ་སྐྱོད་ལ་འགན་ལེན་བྱས།  སྦྲག་སྲིད་དངོས་ཟོག་ཏུན256སྐྱེལ་འདྲེན་བྱས་ལ།  དེ་ན་ནིང་གི་དྭངས་གསལ་དུས་ཆེན་གྱི་གུང་གསེང་དང་བསྡུར་ན་སོ་སོར176.8%དང204.7%།  16.6%འཕར་ཡོད།  དེའི་ཁྲོད་དུ་ཟི་ལིང་ཚའོ་ཅ་པའོ་རྒྱལ་སྤྱིའི་གནམ་གྲུའི་འབབ་ཐང་གིས་གནམ་གྲུ་ཐེངས522འགན་ལེན་བྱས་ཤིང་ཡུལ་སྐོར་བ་མི་ཐེངས་ཁྲི5.06ལ་འགན་ལེན་བྱས།  སྦྲག་སྲིད་དངོས་ཟོག་ཏུན237སྐྱེལ་འདྲེན་ཡིན་པ་དང་།  ལོ་སྔོན་མའི་དྭངས་གསལ་དུས་ཆེན་དང་བསྡུར་ན་སོ་སོར214.5%དང241.3%།  47.4%བཅས་འཕར་ཡོད།

གུང་གསེང་སྐབས་སུ།  ཟླ4བའི་ཚེས2ཉིན་ཕྱིར་བསྐྱོད་པ་ཆེས་མང་བའི་དུས་ཡིན་ལ། ཚེས5ཉིན་ཕྱིར་ལོག་མཁན་ཆེས་མང་བའི་དུས་ཡིན་ཞིང་།  ཞིང་ཆེན་ཕྱིའི་ཡུལ་སྐོར་བ་ཆེས་མང་བའི་གྲོང་ཁྱེར་ནི་ཞི་ཨན་དང་ཁྲིན་ཏུའུ།  ཧྲང་ཧའེ།  པེ་ཅིང་།  ལྷ་ས།  ཁྲང་ཧྲ།  ཧང་ཀྲོའུ།  ཀོང་ཀྲོའུ་སོགས་ཡིན་ལ།  ཞིང་ཆེན་ནང་ཁུལ་གྱི་ཡུལ་སྐོར་བ་ཆེས་མང་བ་ནི་ཡུས་ཧྲུའུ་དང་ན་གོར་མོ་གཉིས་ཡིན།  །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།