དགོ་བའི་གྲངས་འབོར་ལོ14ནང་ལྡབ9འཕར་ནས2560ལྷག་ཡོད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས། མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་དོ་དམ་ཅུས་ཀྱིས2021ལོའི་དཔྱིད་དུས་ཀྱི་དུས་བྱ་དང་དགོ་བར་ལྟ་ཞིབ་ཚད་ལེན་དང་། རི་སྐྱེས་སྲོག་ཆགས་ཀྱི་རིམས་ནད་འབྱུང་ཁུངས་དང་རིམས་ནད་ལྟ་ཞིབ་ཚད་ལེན་གྱི་ལས་འགན་ལེགས་འགྲུབ་བྱུང་། བརྟག་དཔྱད་བྱས་འབྲས་ལས་མངོན་པར། འཛམ་གླིང་ཐོག་ཆེས་སྟོངས་ལ་ཉེ་བའི་དགོ་བའི་གྲངས་འབོར་ལོ14ཡི་ནང་ལྡབ9འཕར་ནས2560ལྷག་ཡོད།

དགོ་བ་ནི་ཀྲུང་གོར་དམིགས་བསལ་དུ་ཡོད་པའི་འོ་གསོའི་སྲོག་ཆགས་ཁྲོད་ཀྱི་གྲངས་འབོར་ཉུང་ཤོས་ཀྱི་སྲོག་ཆགས་ཤིག་ཡིན་ལ། ཀྲུང་གོ་དང་ཐ་ན་འཛམ་གླིང་ཐོག་གི་རྨིག་ལྡན་སྲོག་ཆགས་ཀྱི་ཁྲོད་ཆེས་སྟོངས་ལ་ཉེའི་སྲོག་ཆགས་རིགས་ཤིག་ཀྱང་ཡིན། མཚོ་སྔོན་པོ་ནི་དགོ་བའི་འཚོ་གནས་བྱ་ཡུལ་ཁོ་ནར་གྱུར་ཡོད། ཡོངས་བཤེར་ལས་མངོན་པ་ལྟར་ན། 2007ལོར། དགོ་བའི་གྲངས་འབོར300ཙམ་ལས་མེད་པས་དོམ་ཁྲའི་གྲངས་འབོར་ལས་ཉུང་། དམངས་ཁྲོད་ཀྱི་དང་བླངས་པ་དང་གཞུང་ཕྱོགས་རོགས་སྐྱོབ་ལྟེ་གནས་ཀྱི་ཐུན་མོང་རོགས་སྐྱོབ་འོག སྤྱིར་སྟོངས་ལ་ཉེ་བའི་དགོ་བ་རིགས་རིམ་གྱིས་སྟོངས་ཉེ་ལས་བྲལ་ཏེ་ཁྱུ་ཚོགས་སླར་གསོ་བྱུང་། མིག་སྔར། དགོ་བའི་ལོ་རེའི་ཆ་སྙོམས་ཁྱུ་ཚོགས་གྲངས་འབོར2700ལྷག་ཡོད།

མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་རང་བྱུང་སྲུང་སྐྱོང་ཁོའོ་ཡི་འགན་འཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། ཐེངས་འདིའི་དགོ་བར་བརྟག་དཔྱད་བྱེད་དུས་ནི་འདྲེས་སྦྱོར་བྱེད་པའི་དུས་ཡིན་ལ། གནམ་གཤིས་དང་འོད་ཚད། དགོ་བའི་རང་མདོག་གི་སྲུང་སྐྱོབ་རང་བཞིན་བཅས་ཀྱི་རྐྱེན་གྱིས་ལྟ་ཞིབ་ཚད་ལེན་བྱེད་དཀའ་བར་གྱུར་ལ། ལྟ་ཞིབ་ཐུབ་པའི་དགོ་བ2560ལྷག་ལས་མེད། དེ་ནང་གུང་ཧོ་རྫོང་ཁོངས་སུ100ལྷག་དང་། ཧེ་ཡན་རྫོང་ཁོངས་སུ500ལྷག རྐང་ཚའི་རྫོང་ཁོངས་སུ1900ལྷག ཐེམ་ཆེན་རྫོང་ཁོངས་སུ60ལྷག སྲུང་སྐྱོང་ཁུལ་དུ1160ལྷག སྲུང་སྐྱོང་ཁུལ་གྱི་ཕྱི་རོལ་དུ1400ལྷག་བཅས་ཁྱབ་ཡོད། ན་ནིང་གི་དུས་མཚུངས་ལས་སྤྱི་ཡོངས་ཀྱི་གྲངས་འབོར་བརྟན་ཞིང་ཁྱུ་ཚོགས་ཀྱི་གོང་འཕེལ་རྒྱུན་མཐུད་ངང་གཏན་འཇགས་ཡིན། 

མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་ཀྱི་ཅུས་ཀྲང་ཧུ་ཡུས་པང་གིས་ངོ་སྤྲོད་བྱས་པ་ལྟར་ན། 2019ལོར་སྔོ་ཁེབས་ལ་ལྟ་ཞིབ་ཚད་ལེན་བྱས་འབྲས་ལས་མངོན་པར། སྲུང་སྐྱོང་ཁུལ་གྱི་སྔོ་ཁེབས་ཀྱི་ཆ་སྙོམས་མཐོ་ཚད་ལི་སྨི12ཟིན་པ་དང་སྐྱེ་འཕེལ་ཡལ་གའི་ཆ་སྙོམས་མཐོ་ཚད་ལི་སྨི22.2ཟིན་ཡོད། སྲུང་སྐྱོང་ཁུལ་གྱི་སྔོ་ཁེབས་སྐྱེ་འཚར་གྱི་སྐྱེ་ཁམས་ཁོར་ཡུག་ཡག་པོ་ཡོད་པས། སྲུང་སྐྱོང་ཁུལ་གྱི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་། ས་གནས་ཀྱི་ཕྱུགས་རིགས་འཚོ་གནས་དང་འཕེལ་རྒྱས་ལ་ཕན་པ་ཆེན་པོ་ཡོད། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།