ཞུན་ཧྭས་སློབ་གསོ་དག་ཐེར་བྱེད་ཐབས་དངོས་བཏོན་ནས“ཚད་བཞི”ཡི་ཁྱད་ཆོས་མངོན་པར་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་དག་ཐེར་ལས་དོན་སྤེལ་ཚུན། ཞུན་ཧྭ་ས་ལར་རིགས་རང་སྐྱོང་རྫོང་སྲིད་ཁྲིམས་ཨུ་ལྷན་གྱིས“ཉམས་སད་ཐེག་པ་ལྔ”ཡི་བླང་བྱར་དམིགས་ཏེ། ཚུགས་གནས་མཐོན་པོས་ཁ་ཕྱོགས་དམ་འཛིན་ནན་པོ་དང་མགོ་འཛུགས་ས་མཐོན་པོས་འཆར་འགོད་བཀོད་སྒྲིག་དང་། ལས་ཆོད་ཆེ་བའི་སྐུལ་སློང་བཀོད་སྒྲིག་བཅས་བྱས་ནས་སློབ་སྦྱོང་སློབ་གསོ་ལཟབ་ཚདལྡན་པ་དང་བྱེད་སྒོ་རབ་དང་རིམ་པརཚ་ཚདཡོད་པ། ལས་ཀའི་སྐུལ་འདེད་ལ“ཤུགས་ཚད”ལྡན་པ། དྲིལ་བསྒྲགས་སྣང་ཚུལ་ལ“ཟབ་ཚད”ལྡན་པ་བཅས་ཀྱི་ཁྱད་ཆོས་འཛོམས་ཡོད། 

སློབ་སྦྱོང་སློབ་གསོ་ལ“ཟབ་ཚད”ལྡན་ཏེ། མཉམ་སྡེབ་སློབ་སྦྱོང་དང་སྒེར་གྱི་རང་སྦྱོང་རྩ་འཛུགས་བྱེད་པ་དང་། ཆེད་དོན་ཞིབ་བསྡུར་སྤེལ་བ། ཏང་ཀྲི་པུའུ་ཡི“ཚོགས་འདུ་གསུམ་དང་སློབ་ཚན་གཅིག”དང“གཏན་ཁེལ་ཏང་ཉིན་མོ”སོགས་ཀྱི་བྱེད་ཐབས་བརྒྱུད། ཏང་ཡོན་ལས་བྱེད་པས་སེམས་རྣལ་ལ་ཕབ་ནས་མ་རྩོམ་ཀློག་པ་དང་མ་ཡིག་སྦྱོང་བ། རྩ་བའི་རིག་པ་རྟོགས་པ་བཅས་བྱས་ཏེ་ངོས་འཛིན་མྱོང་ཚོར་གླེང་བ་དང་ཧེ་བག་འཚོལ་བ། ལེགས་སྒྲིག་གི་བྱེད་ཐབས་འདོན་པ་དང་། “མཚན་མོར་སློབ་སྦྱོང་བྱེད་པའི”རྣམ་པ་བཏོད་ནས་སློབ་སྦྱོང་སློབ་གསོའི་སྔོན་དཔག་གི་དམིགས་ཚད་ལེགས་འགྲུབ་བྱས་ཡོད། 

བྱེད་སྒོ་རབ་དང་རིམ་པར“ཚ་ཚད”ཡོད་དེ། ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་དང་ཟུང་འབྲེལ་གྱིས་རྒྱལ་ཡོངས་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིར་བསྐྱོད་དེ། “གསར་བརྗེའི་སྙིང་སྟོབས་དར་སྤེལ་བཏང་ནས་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ”ཞེས་པའི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བ་དང་། སྲིད་གཙང་ཉེན་བརྡའི་སློབ་གསོའི་རྟེན་གཞིར་ལྟ་སྐོར་བྱས་ནས་སྲིད་གཙང་ཉེན་བརྡའི་སློབ་གསོའི་གློག་བརྙན་ལ་བལྟས་ཤིང་གཅིག་བསྡུས་སློབ་སྦྱོང་བགྲོ་གླེང་དང“འགོ་ཁྲིད་གཙོ་བོས”ཏང་གི་སློབ་ཚན་ཁྲིད་པ་སོགས་སྲིད་གཙང་སློབ་གསོའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་བརྒྱུད་ཏང་ཡོན་ལས་བྱེད་པའི་ཐོག་མའི་འདུན་མ་སྲུང་བ་དང་འགན་འཁྲི་འཁུར་བའི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་འདུ་ཤེས་ཆེ་རུ་བཏང་།

ལས་དོན་སྐུལ་འདེད་ལ“ཤུགས་ཚད”ལྡན་ཏེ། མགྱོགས་མྱུར་ངང་མགོ་ཁྲིད་ཚན་ཆུང་བཙུགས་པ་དང་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་ཏེ《རྫོང་ཨུའི་སྲིད་ཁྲིམས་ཨུ་ལྷན་ལས་ཁུངས་དང་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་དག་ཐེར་གྱི་ལག་བསྟར་ཇུས་གཞི》དུས་ཐོག་ཏུ་བཟོས་ནས། ལྷུ་ཚིགས་སོ་སོའི་ལས་དོན་དོན་དངོས་དང་ཟུང་འབྲེལ་གྱིས་དམིགས་སའི་རང་བཞིན་ལྡན་པའི་ཞིབ་ཕྲའི་བྱ་ཐབས་བཏོན་ཏེ་ལས་དོན་ཁག་ཚད་ལྡན་ངང་འཁོར་སྐྱོད་ཐུབ་པར་འགན་ལེན་བྱས་ཡོད། བསམ་འཆར་བསྡུ་ལེན་དང་གྲོས་འགོ་འདོན་པའི་བཞུགས་མོལ་ཚོགས་འདུ་དང་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་སྤྱི་ཚོགས་ལ་ཞུན་ཧྭ་རྫོང་གི་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་དག་ཐེར་གྱི་འཕེལ་རིམ་གནས་ཚུལ་ཡོངས་བསྒྲགས་བྱས་ཏེ་སློབ་གསོ་དག་ཐེར་གཏིང་ཟབ་དང་ཏན་ཏིག་སྤེལ་བར་སྐུལ་འདེད་བཏང་།

དྲིལ་བསྒྲགས་སྣང་ཚུལ་ལ“ཟབ་ཚད་”ཡོད་དེ། དྲིལ་བསྒྲགས་བྱ་རྒྱུ་དེ་སློབ་གསོ་དག་ཐེར་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་མཐའ་འཁྱོངས་བྱས་ཏེ། ཚགས་པར་དང་རླུང་འཕྲིན། བརྙན་འཕྲིན། ལག་འཁྱེར་ཁ་པར། དྲ་རྒྱ་སོགས་ཀྱི་ལས་སྟེགས་གང་ལེགས་སྒོས་སྤྱད་དེ། “དྲ་ཐོག་དང་དྲ་ཕྱི་ཟུང་སྦྲེལ་གྱི”དྲིལ་བསྒྲགས་རྣམ་པ་བཏོད་ནས་སྤྱི་ཚོགས་ཡོངས་ཀྱིས་སློབ་གསོ་དག་ཐེར་ལ་རྒྱབ་སྐྱོར་ཧུར་ཐག་བྱེད་པའི་རྣམ་པ་བཟང་བོ་ཞིག་ཆགས་པར་སྐུལ་འདེད་བཏང་།  །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།