མཚོ་སྔོན་པོའི་མཚོ་དར་ལྷུང་བས་ཡུལ་སྐོར་བ་རིམ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ4བའི་ཚེས6ཉིན།  རང་རྒྱལ་གྱི་ཆེས་ཆེ་བའི་སྐམ་སའི་ཚྭ་མཚོ་སྟེ་མཚོ་སྔོན་པོའི་མཚོ་དར་ལྷུང་བ་དང་མཉམ་དུ།  ཡུལ་སྐོར་བ་མང་པོས་མཚོ་དར་དང་ཉ།  ཆུ་བྱ་སོགས་མཛེས་ལྗོངས་ལ་རོལ་མྱོང་བྱེད་བཞིན་ཡོད་ལ་ད་ལོའི་མཚོ་དར་ལྷུང་བའི་དུས་ནི་ལོ་སྔོན་མ་དང་བསྡུར་ན་སྔ་ཞིང་།  དཔྱིད་མགོའི་མེ་ཏོག་སྣ་ཚོགས་བཞད་པས་མཚོ་སྔོན་གྱི་ཡུལ་སྐོར་བ་རིམ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད།  ། 

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།