དཔའ་ལུང་རྫོང་གི་སྐབས་དྲུག་པའི་སིལ་སྡོང་མེ་ཏོག་དུས་ཆེན་སྟེང་ཚོང་འགུག་དངུལ་འདྲེན་གྱི་མ་དངུལ་སྒོར་དུང་ཕྱུར15.3ལ་སླེབས་པ།

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས31ཉིན། མཚོ་སྔོན་ཞིང་ཆེན་དཔའ་ལུང་རྫོང་གིས་སྐབས་དྲུག་པའི་སིལ་སྡོང་མེ་ཏོག་ཡུལ་སྐོར་དུས་ཆེན་གྱི་ཚོང་འགུག་དངུལ་འདྲེན་འོས་སྦྱོར་ཚོགས་འདུ་བསྡུས་པ་དང་། བསྡོམས་པས་ཚོང་འགུག་དངུལ་འདྲེན་གྱི་མ་དངུལ་སྒོར་དུང་ཕྱུར15.3ལ་སླེབས།

གདན་ཞུ་ལྟར་ཚོང་འགུག་དངུལ་འདྲེན་འོས་སྦྱོར་ཚོགས་འདུར་ཞུགས་པའི་ཁེ་ལས་དང་ལས་རིགས་མཐུན་ཚོགས་བསྡོམས་པས93དང་། དཔའ་ལུང་གི་རྒྱལ་ཡོངས་སུ་འཐེན་ཐུག་ཐོན་ལས་ལ་ཞུགས་པའི་ཕྱིར་ལོག་ལས་སྐྲུན་འཐུས་མི21། འཐེན་ཐུག་ཐོན་ལས་གླིང་དུ་བཅའ་སྡོད་བྱེད་རྩིས་ཡོད་པའི་ཁེ་ལས9། ཚོང་ཚོགས་དང་ཁེ་ལས། ལས་རིགས་མཐུན་ཚོགས་ཀྱི་འཐུས་མི123བཅས་ཡོད། སྤྱིའི་མ་དངུལ་སྒོར་དུང་ཕྱུར10.7ཡིན་པའི་ལ་མོ་འགག་མཛེས་ལྗོངས་ཁུལ་གསར་སྤེལ་ལས་གཞི་དང་སྤྱིའི་མ་དངུལ་སྒོར་དུང་ཕྱུར4.6ཡིན་པའི་པིས་ཀོས་ཡོན་ས་ཁང་གསར་སྤེལ་ལས་གཞི་ལ་གན་རྒྱ་བཞག

དཔའ་ལུང་རྫོང་གི་རྫོང་དཔོན་གཞོན་པ་ཆི་ཡུས་པང་གིས་མཚམས་སྦྱོར་བྱེད་རྒྱུར། ས་གནས་འདིས་འཕེལ་རྒྱས་ཇེ་མགྱོགས་དང་དམངས་ཕྱུག་རྫོང་དར་གྱི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ཏེ། ཚོང་འགུག་དངུལ་འདྲེན་དེ་དཔའ་ལུང་རྫོང་གི་ཚན་རིག་འཕེལ་རྒྱས་ཀྱི་གཞི་རྩའི་བྱེད་ཐབས་དང་། ལས་གཞི་འཛུགས་སྐྲུན་ལ་སྐུལ་འདེད་དང་མ་དངུལ་སྤྱི་འབོར་ཇེ་མང་། དཔལ་འབྱོར་འཕར་གནས་ལ་སྐུལ་ཁྲིད་བྱེད་པ་བཅས་ཀྱི་འགག་བརྟོལ་ས་གཙོ་བོར་བཟུང་ཡོད་ཟེར། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།