མཚོ་ལྷོས“འབུར་ཐོན་བཞིས”ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་ཁག་ཐེག་བྱས་ཏེ་ཕན་འབྲས་བླངས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་མགོ་བརྩམས་པའི་ཚུན་ལ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་དམིགས་འབེན་བླང་བྱ་ཁོང་དུ་ཆུད་པར་བྱས་ཏེ། བརྗོད་དོན་འབུར་ཐོན་དང་ཁྱད་ཆོས་མངོན་གསལ། རྣམ་པ་འདྲ་མིན་གྱི་སློབ་སྦྱོང་བྱ་འགུལ་སྤེལ་ཞིང་། “འབུར་ཐོན་བཞི”ཡིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཚད་གཞི་མཐོ་བའི་སྐུལ་འདེད་ལ་ཁག་ཐེག་བྱས་ཏེ་སྤུས་ཚད་མཐོ་བའི་ཕན་འབྲས་མངོན།

བྱ་བ་མགོ་རྩོམ་པར“མགྱོགས་པ”འབུར་ཐོན་དུ་བྱས། ཞིང་ཆེན་ཡོངས་ཀྱི་ཏང་གི་ལོ་རྒྱུས་སློོབ་སྦྱོང་སློབ་གསོའི་སྐུལ་སློང་ཚོགས་ཆེན་ཚོགས་རྗེས། མཚོ་ལྷོ་ཁུལ་གྱིས་དུས་ཐོག་ཏུ་ཁུལ་ཡོངས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ལག་བསྟར་བྱ་བའི་འཆར་གཞི་བཟོས་པ་དང་། དེར་མ་ཟད་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་ཞིང་ལག་བསྟར་བྱས། ཁུལ་དང་རྫོང་། ཤང་དང་གྲོང་རྡལ་གྱིས་སྐུལ་སློང་ཚོགས་ཆེན་བསྡུས་ནས། བྱ་བ་སོ་སོ་ཞིབ་ཚགས་སུ་བཏང་བ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གཅིག་གྱུར་འཆར་འགོད་དང་མཛུབ་སྟོན་མཐུན་སྦྱོར། དོན་འཁྱོལ་ལྟ་སྐུལ་བཅས་བྱས་ནས། ལས་བགོས་མཐུན་སྦྱོར་དང་མཉམ་དུ་དོ་དམ་བྱེད་པའི་བྱ་བའི་རྣམ་པ་ཞིག་ཆགས་པར་སྐུལ་འདེད་བཏང་། 

སྟེགས་བུ་ཕུན་ཚོགས་སུ་བཏང་ནས“སློབ་པ”འབུར་ཐོན་དུ་བཏང་། ཏང་ཨུའི་(ཏང་ཙུའུ)གྲོས་ཚོགས་ཀྱི་གླེང་གཞི་དང་པོ་ལག་བསྟར་ནན་མོ་བྱེད་པ་དང་། དུས་ཐོག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གསུང་བཤད་གལ་ཆེན་དང་གཞུང་ལུགས་ཞིབ་བརྗོད། མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་ལ་སློབ་སྦྱོང་བྱས་ཏེ། ཀྲུང་དབྱང་དང་ཞིང་ཆེན་ཨུའི་ཡིག་ཆ་དང་པོའི་དྲིལ་སྒྲོག་དང་ཟུང་སྦྲེལ་སྒོས། ཏང་གི་ལོ་རྒྱུས་སྐོར་གྱི་ཆེད་དོན་བཟོས་ནས་གཅིག་བསྡུས་སྒོས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཆེད་དོན་ཆེད་ཁྲིད་དང་ཆེད་དོན་བགྲོ་གླེང་མ་མཐའ་ཡང་ཐེངས4ལ་སྤེལ། 

ཧུར་ཐག་གིས་གསར་བརྗེའི་ཏང་གི་ལོ་རྒྱུས་སློབ་གསོའི་འགྲེམ་ཁང་དང་ཏང་ཡོན་སློབ་གསོའི་རྟེན་གཞི་གསར་སྐྲུན་བྱས་ཏེ། སྨྱན་བྱད་གསར་བའི་སྟེགས་བུར་བརྟེན་ནས་ཏང་གི་སློབ་ཁྲིད་བཙུགས་པ་དང་། དྲ་ཐོག་གི“ཏང་གི་ལོ་རྒྱུས་སློབ་གསོ་བྱེད་ས”གསར་སྐྲུན་བྱས། ཏང་གི་ལོ་རྒྱུས་ནང་དོན་ཡིན་པའི་རིག་རྩལ་བརྩམས་ཆོས《ཁྱེད་དང་འཕྲད་པ་ནི་ངའི་ལས་འཕྲོ་ཡིན》ཞེས་པའི་མི་རིགས་རོལ་མོའི་ཟློས་གར་གསར་རྩོམ་བྱས་ཤིང་། “ཏང་གི་དགྱེས་སྟོན་དང་། མི་དམངས་ཀྱི་དུས་ཆེན”གྱི་མང་ཚོགས་རང་བཞིན་གྱི་རིག་གནས་བྱ་འགུལ་སྤེལ་ནས་ཆབ་སྲིད་སྣེ་ཁྲིད་ཤུགས་ཁྲག་དང་ཏང་གི་ལོ་རྒྱུས་སློབ་གསོ་གཏིང་ཟབ་དུ་གཏོང་བར་ཤུགས་བསྣན།།

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།