ཀྲོང་གོ་ཐའེ་ཡིས་རང་ཞིང་གི་གནམ་གཤིས་བྱ་བར་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་ལམ། ཀྲུང་གོ་གནམ་གཤིས་ཅུའུ་ཡི་ཏང་ཙུའུ་ཧྲུའུ་ཅི། ཅུའུ་ཀྲང་ཀྲོང་གོ་ཐའེ་སོགས་ཀྱིས་རང་ཞིང་གི་གནམ་གཤིས་ཞབས་ཞུ་འགན་སྲུང་འཐབ་ཇུས་བཀོད་སྒྲིག་དང་ས་གནས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བ། གཞི་རིམ་གནམ་གཤིས་སྡེ་ཁག་གི་ཏང་འཛུགས་སྐྲུན། བཅོས་བསྒྱུར་འཕེལ་རྒྱས་སོགས་གནས་ཚུལ་ལ་རྟོག་ཞིབ་བྱས་པ་མ་ཟད། ལས་བྱེད་མི་སྣར་འཚམས་འདྲི་བྱས། མཚོ་སྔོན་དུ་རྟོག་ཞིབ་བྱེད་སྐབས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གཉིས་ཀྱིས་སོ་སོར་ཀྲོང་གོ་ཐའེ་སོགས་ལ་ཐུག་འཕྲད་བྱས།

ཀྲོང་གོ་ཐའེ་ཡིས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དཔྱིས་ཕྱིན་པ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གནམ་གཤིས་བྱ་བ་དང་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་གཉིས་ཟུང་འབྲེལ་བྱེད་དགོས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ནན་མོར་སྤེལ་བ་དང་། རིམ་པ་སོ་སོའི་ཏང་ཙུའུ་ཡིས་གཙོ་གཞི་འགན་འཁྲི་ཕྲག་ཏུ་ལེན་པ་དང་། གཏན་ཁེལ་བྱ་བ་དང་རང་འདེམ་བྱ་བ་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་བྱས་ནས། མང་ཚོགས་ཀྱི་ཆེད་དུ་དོན་དངོས་སྒྲུབ་པ་དང་དཀའ་གནད་ཐག་གཅོད་དགོས། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་ཀྱི་མཚོ་སྔོན་གྱི་གནམ་གཤིས་ལས་དོན་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བར་འཆར་འགོད་ཞིབ་མོ་བྱེད་པ་དང་། མཚོ་སྔོན་གྱི་ཁྱད་ཆོས་ཁོང་དུ་ཆུད་པར་བྱེད་པ། སྡེ་ཁག་གི་མཉམ་ལས་མཉམ་འབྲེལ་ལ་ཤུགས་སྣོན་དགོས། རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་དང་ས་གནས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་རྐང་བཙུགས་ནས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གནམ་གཤིས་ཞབས་ཞུ་འགན་སྲུང་ནུས་པ་མཐོར་འདེགས་གཏོང་བ་དང་། མཚོ་སྔོན་གྱི་ཐཱན་ཉུང་གཏོང་དང་ཐཱན་སྙོམས་སྦྱོར་མངོན་འགྱུར་བྱེད་པའི་ཐད་འདེགས་སྐྱོར་བརྟན་པོ་འདོན་སྤྲོད་བྱེད་དགོས། གནམ་གཤིས་དེང་རབས་ཅན་གྱི་ཆུ་ཚད་སྔར་ལས་མཐོར་འདེགས་གཏོང་བ་དང་། འཁོར་སྐར་ལྟ་ཞིབ་དང་རྒྱང་ཚོར་བཀོལ་སྤྱོད་ལ་ཤུགས་བསྣན་ནས། གནམ་གཤིས་བརྟག་དཔྱད་བརྒྱུད་རིམ་ལ་སྤྱི་སྡོམ་དང་དབྱེ་ཞིབ་བྱས་ཏེ། ཚན་རྩལ་གསར་གཏོད་ལ་ཤུགས་སྣོན་དགོས། ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། སྤུས་ཚད་མཐོ་བའི་ཏང་འཛུགས་ཀྱིས་གནམ་གཤིས་ལས་དོན་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བར་འགན་སྲུང་བྱེད་དགོས་ཟེར།

ཧྲིན་ཀྲང་གཞོན་པ་ལིའུ་ཁྲའོ་ཡིས་མཉམ་དུ་རྟོག་ཞིབ་བྱས།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།