ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཞི་པའི་ཚེས་གཅིག་ཉིན། ཞིང་ཆེན་དམངས་ཆེན་སྤྱི་ཚོགས་འཛུགས་སྐྲུན་བྱ་བའི་ཨུ་ཡོན་ལྷན་ཁང་གིས་རྩ་འཛུགས་བྱས་ཏེ་ཉིས་སྟོང་ཉེར་གཅིག་ལོའི་ཁ་གཏད་ལས་ཁུངས་ཀྱི་འབྲེལ་གཏུག་གྲོས་ཚོགས་བསྡུས་པ་དང་། ཞིང་ཆེན་དམངས་ཆེན་སྤྱི་ཚོགས་འཛུགས་སྐྲུན་བྱ་བའི་ཉིས་སྟོང་ཉི་ཤུ་ལོའི་བྱ་བའི་གནས་ཚུལ་དང་ཉིས་སྟོང་ཉེར་གཅིག་ལོའི་བྱ་བ་གཙོ་བོ་བསྒྲགས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཁོངས་མི། ཀྲུའུ་རིན་གཞོན་པ་ཝུའུ་ཧེ་ཁུན་ཚོགས་འདུར་ཞུགས་ནས་གཏམ་བཤད།
ཝུའུ་ཧེ་ཁུན་གྱིས་བསྟན་དོན། ཉིས་སྟོང་ཉི་ཤུ་ལོར་རིམས་ནད་འགོག་སྡོམ་གྱི་འགྲན་སློང་ཆེན་མོ་དང་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ལ་རྒྱལ་ཁ་ཕུ་ཐག་གཅོད་པའི་འོས་འགན་གལ་ཆེན་ལ་ཁ་གཏད་འཇལ་ནས། ཞིང་ཆེན་ཏང་ཨུ་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་བརྟན་པོའི་འོག་ཏུ། ཞིང་ཆེན་དམངས་ཆེན་སྤྱི་ཚོགས་འཛུགས་སྐྲུན་བྱ་བའི་ཨུ་ཡོན་ལྷན་ཁང་གིས་འགན་གཙང་ལེན་སྒོས་ལས་དོན་སྤེལ་ཏེ། ལས་སྣ་མང་ཞིང་ཁེབས་ཚད་ཆེ་ལ་བྱ་བའི་ཕན་འབྲས་མཐོ་བ། འགན་སྒྲུབ་ཀྱི་ཁྲོད་དུ་གསར་གཏོད་ཡོད་ཅིང་ཁ་གཏད་འབྲེལ་གཏུག་ལས་ཁུངས་ཀྱི་ཐུན་མོང་འབད་འབུངས་ལ་བརྟེན་ནས་ལས་རིམ་ཁག་སོ་སོའི་འོས་འགན་ཡོངས་འགྲུབ་བྱས་ཟེར། ཁོས་ནན་གྱིས་བསྟན་དོན། ཉིས་སྟོང་ཉེར་གཅིག་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་བརྒྱ་ལོན་པའི་ལོ་ཡིན་ལ། ལོ་ལྔའི་འཆར་འགོད་བཅུ་བཞི་པ་མགོ་རྩོམ་པའི་ལོ་ཡང་ཡིན་པས། ད་ལོའི་ལས་དོན་བཟང་བོར་སྒྲུབ་པ་ལ་དོན་སྙིང་ཆེན་པོ་ལྡན། གཅིག་ནས་སྤུས་ཚད་མཐོན་པོས་སྤྱི་ཚོགས་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་བྱ་བ་སྒྲུབ་དགོས་པ་དང་། གཉིས་ནས་གནས་ས་འབུར་དུ་ཐོན་པར་བྱས་ཏེ་ལྟ་སྐུལ་བཟང་བོ་བྱེད་དགོས། གསུམ་ནས་སྤྱི་ཚོགས་འབྲེལ་གཏུག་གི་མཉམ་ཤུགས་ཆེན་པོ་ཞིག་གྲུབ་པར་བྱེད་དགོས་ཟེར། །
རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།
ཝུའུ་ཧེ་ཁུན་ཞིང་ཆེན་དམངས་ཆེན་སྤྱི་ཚོགས་འཛུགས་སྐྲུན་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཁ་གཏད་ལས་ཁུངས་ཀྱི་འབྲེལ་གཏུག་གྲོས་ཚོགས་སྟེང་ཞུགས་ནས་གཏམ་བཤད།