ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝུན་གྱིས་མཚོ་སྔོན་སློབ་ཆེན་དང་མཚོ་སྔོན་དགེ་འོས་སློབ་ཆེན། མཚོ་སྔོན་མི་རིགས་སློབ་ཆེན་བཅས་ཀྱི་ཞིབ་འཇུག་སློབ་གསོའི་བྱ་བར་རྟོག་ཞིབ་བྱས་ཏེ་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞིབ་འཇུག་སློབ་མའི་སློབ་གསོའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་དང་རྒྱལ་ཡོངས་ཞིབ་འཇུག་སློབ་མའི་སློབ་གསོ་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་མཐར་ཕྱིན་བྱས་ནས། ཞིབ་འཇུག་སློབ་མའི་སློབ་གསོ་ཞབས་ཞུའི་གསར་གཏོད་འཕེལ་རྒྱས་ནུས་པ་ཇེ་དྲག་ཏུ་གཏོང་དགོས་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་ཞིང་རང་སྟོབས་རང་སྤེལ་གྱི་ནུས་པ་ལྡན་པའི་འཇོན་ཐང་མི་སྣ་རྩེ་གྲས་གསོ་སྐྱོང་བྱེད་དགོས།
དབྱང་ཀྲི་ཝུན་གྱིས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དཔྱིས་ཕྱིན་པ་དང་ལག་ལེན་མཐར་ཕྱིན་བྱས་ཏེ། ཁྱོན་ཡོངས་ནས་ཏང་གི་སློབ་གསོའི་ལམ་ཕྱོགས་དངོས་འབེབས་མཐར་ཕྱིན་བྱེད་རྒྱུ་དང་། ཀུན་སྤྱོད་བཟང་བའི་མི་སྣ་གསོ་སྐྱོང་གི་གཞི་རྩའི་འོས་འགན་དངོས་འབེབས་བྱེད་པ། ཏང་གི་ཚན་རིག་གཞུང་ལུགས་ལ་བརྟེན་ནས་རང་ཉིད་ཀྱི་བསམ་བློ་བར་མེད་དུ་བརྒྱན་དགོས། སྤུས་ཚད་དོ་དམ་ལ་ཤུགས་བསྣན་ནས་སློབ་རའི་སློབ་སྲོལ་དང་ཁྲིད་སྲོལ་འཛུགས་སྐྲུན་སྟོབས་ལྡན་དུ་བསྒྱུར་དགོས། དཔྱད་འཇོག་བྱེད་ཐབས་དང་ཚད་གཞི་སྔར་ལས་ལེགས་སྒྱུར་དང་སློབ་བསྡུ་དང་མཐར་ཕྱིན་གྱི་འགག་སྒོ་དམ་སྲུང་བྱེད་དགོས། ཞིབ་འཇུག་སློབ་མའི་ཚན་རིག་སྙིང་སྟོབས་དང་གསར་གཏོད་ཀྱི་འདུ་ཤེས། ཞིབ་འཇུག་ནུས་པ་བཅས་ཇེ་ཆེར་གཏོང་དགོས། ཁྱོན་ཡོངས་ནས་ཞིབ་འཇུག་སློབ་མའི་སློབ་གསོ་ལམ་ལུགས་སྒྲིག་ལུགས་གསར་གཏོད་ལ་སྐུལ་འདེད་གཏོང་དགོས་པ་དང་། རིག་ཚན་ཆེད་ལས་འགུལ་རྣམ་ཅན་གྱི་སྙོམ་སྒྲིག་ལམ་ལུགས་འཐུས་ཚང་དུ་གཏོང་བ། ས་ཁོངས་འཕེལ་རྒྱས་འཐབ་ཇུས་དང་ཐོན་ལས་བཀོད་པར་སྟོབས་ཤུགས་གཅིག་བསྡུ་བྱེད་པ། ཞིབ་འཇུག་སློབ་མའི་སློབ་གསོ་ཡི་རིགས་དབྱེ་འཕེལ་རྒྱས་དང་ཁྱད་ལྡན་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་དགོས། མཛུབ་སྟོན་དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་དང་དཔྱད་འཇོག་དཔྱད་ཞིབ་ལམ་ལུགས་ལེགས་སྒྱུར་བྱེད་པ། ལས་རིགས་འཕེལ་རྒྱས་ཀྱི་ལས་སྟེགས་བསྐྲུན་པ། མཛུབ་སྟོན་དགེ་རྒན་གྱིས་སློབ་གཉེར་དང་རིག་གཞུང་ཞིབ་འཇུག སློབ་མའི་བསམ་བློ་བཅས་ལ་མཛུབ་སྟོན་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་ཟེར། །
རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།
དབྱང་ཀྲི་ཝུན་གྱིས་ཞིང་ཆེན་དུ་གཏོགས་པའི་དངོས་གཞི་རིམ་པའི་སློབ་ཆེན་གྱི་ཞིབ་འཇུག་སློབ་མའི་སློབ་གསོའི་བྱ་བར་རྟོག་ཞིབ་བྱས།