ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་གསུམ་པའི་ཚེས་སོ་གཅིག་ཉིན་ནས་ཟླ་བཞི་པའི་ཚེས་གཅིག་ཉིན་བར། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་སྦྱོང་སློབ་གསོའི་སྐོར་སྐྱོད་མཛུབ་སྟོན་ཚན་ཆུང་གསུམ་པའི་ཚན་གཙོ་ཀྲའོ་ཧྥུའུ་མེན་སོགས་མཚོ་ནུབ་ཁུལ་དུ་སོང་ནས་མཚོ་ནུབ་ཁུལ་གྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཐད་ཞིབ་བཤེར་མཛུབ་སྟོན་བྱས་པ་མ་ཟད། བཞུགས་མོལ་ཚོགས་འདུ་བསྡུས།
ཚོགས་ཐོག་ཏུ། ཞིང་ཆེན་ཏང་ཨུའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐོར་སྐྱོད་མཛུབ་སྟོན་ཚན་ཆུང་གསུམ་པས་མཚོ་ནུབ་ཁུལ་གྱི་ཏང་གི་སློབ་སྦྱོང་སློབ་གསོ་སྤེལ་བའི་གནས་ཚུལ་ལ་ཉན། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བའི་ཚུན་དུ། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་དམིགས་འབེན་དང་ནང་དོན་གཙོ་བོ། བྱེད་ཐབས་བརྒྱུད་རིམ་ལ་དམིགས་ནས། གོང་འོག་མཉམ་འབྲེལ་དང་ཕྱོགས་གཅིག་ཤུགས་འདོན་བྱས་པ་དང་། རྩ་འཛུགས་སྒྲོམ་གཞི་དང་བྱ་བའི་རྐྱེན་སྲོལ་བཙུགས་ལ། སློབ་སྦྱོང་ཟབ་མོ་དང་ལག་བསྟར་བྱེད་པ། དག་སྲུང་གསར་གཏོད་བྱེད་པ། འགན་འཁྲི་གཏན་ཁེལ་བྱེད་པ་སོགས་ཀྱི་སྟེང་རྒྱུན་མཐུད་ངང་ཤུགས་བཏོན་ནས། ཁྱད་ཆོས་མངོན་གསལ་དང་རྣམ་པ་མང་པའི་འདྲེན་བྱེད་དང་ཐབས་ལམ་ལ་བརྟེན་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་།
སྙན་ཞུ་ལ་ཉན་རྗེས། མཛུབ་སྟོན་ཚན་ཆུང་གིས་མཚོ་ནུབ་ཁུལ་གྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ཐད་ནས་བླངས་པའི་ཐོག་མའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་མ་ཟད། གོ་རིམ་རྗེས་མའི་བྱ་བར་དམིགས་ནས་བླང་བྱ་ནན་མོ་དང་མཛུབ་སྟོན་གྲོས་གཞི་བཏོན། ཀྲའོ་ཧྥུའུ་མེན་གྱིས་བཤད་རྒྱུར། མཚོ་ནུབ་ཁུལ་གྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་ཧ་ཅང་མཐོང་ཆེན་བྱས་པ་དང་། རྩ་འཛུགས་ཞིབ་མོ་དང་བཀོད་སྒྲིག་བཟང་བོ་བྱས་ལ། གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ནས་རྣམ་པ་མང་པའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བ་དང་། བྱ་བ་མང་པོ་བསྒྲུབས་ལ། སྤྱིའི་ཆ་ནས་བརྟན་བརླིང་ཡིན་ལ། འགོ་བཟང་བོ་བརྩམས་འདུག་ཟེར།
ཚོགས་ཐོག་ནས། སྡེ་ཁག་སོ་སོས་ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་བཏང་སྟེ། བསམ་བློ་དང་འགུལ་སྐྱོད་གཉིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་བླང་བྱ་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་པ་དང་། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་དགོངས་དོན་བརྒྱུད་སྒྲོག་བྱེད་པ་དང་གནས་ཚུལ་དངོས་ལ་རྒྱུས་ལོན་བྱེད་པའི་ཟམ་པ་དང་སྦྲེལ་ཐག་ལྟ་བུར་འགྱུར་བར་བྱེད་དགོས། ལས་སྒོའི་ནུས་པ་ཇེ་དྲག་ཏུ་གཏོང་བ་དང་། ཏང་ཀྲུང་དབྱང་གི་བླང་བྱ་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་ལ་རྒྱུས་ལོན་ཡང་དག་བྱེད་པ། བྱ་བའི་སྤྱོད་ཚུལ་བསྒྱུར་བ། ཀྲི་པུའུ་རུ་བསྐྱོད་དེ། རྣམ་འགྱུར་བཟང་བོ་དང་སྤྱོད་ཚུལ་ནན་མོ། དངོས་གཉེར་གྱི་བྱེད་ཐབས་ལ་བརྟེན་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ཕན་འབྲས་མཐོན་པོས་སྤེལ་བར་སྐུལ་འདེད་གཏོང་དགོས། གསར་བརྗེའི་ཐོན་ཁུངས་བཀོལ་སྤྱོད་བཟང་བོ་བྱེད་པ་དང་། སློབ་སྦྱོང་སློབ་གསོའི་བྱེད་ཐབས་དང་རྣམ་པ་འདྲེན་བྱེད་གསར་གཏོད་བྱེད་པ། ཤུགས་ཡོད་ཀྱི་བྱེད་ཐབས་ལ་བརྟེན་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་བ་དང་། གཞི་རིམ་ཏང་རྩ་འཛུགས་ལ་རང་འགུལ་དབང་ཆ་སྟེར་བ། རང་སྟེང་གི་ཁྱད་ཆོས་དང་དགེ་མཚན་ཐོན་ཁུངས་ལ་ཟུང་འབྲེལ་བྱས་ནས་གནས་ཚུལ་དངོས་དང་མཐུན་པའི་རང་འདེམ་བྱ་བ་འཚོལ་ཞིབ་དང་གསར་གཏོད་བྱེད་དགོས། མང་ཚོགས་ཀྱི་ཆེད་དུ་བྱ་བ་སྒྲུབ་པའི་ནུས་ཤུགས་ལ་དམིགས་པ་དང་། འགག་སྒོ་དམ་སྲུང་དང་གནས་ཐིག་གཏན་ཁེལ་བྱས་ཏེ། སློབ་སྦྱོང་སློབ་གསོའི་ཡང་དག་ཁ་ཕྱོགས་དང་བྱ་བ་ལག་བསྟར་བྱེད་པར་ཁག་ཐེག་བྱེད་དགོས་པའི་རེ་བ་བཏོན། །
རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།
ཞིང་ཆེན་ཏང་ཨུའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐོར་སྐྱོད་མཛུབ་སྟོན་ཚན་ཆུང་གསུམ་པས་མཚོ་ནུབ་ཁུལ་གྱི་བྱ་བར་ཞིབ་བཤེར་མཛུབ་སྟོན་བྱས།