མཚོ་ནུབ་ཁུལ་གྱིས་གསོ་སྦྱོང་ལ་བརྟེན་ནས་སྡེ་ཁུལ་ཏང་རྩ་འཛུགས་ཀྱི་རྐང་འཛིན་སྟོབས་ཤུགས་ཇེ་དྲག་ཏུ་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྡེ་ཁུལ་ཏང་རྩ་འཛུགས་ཀྱི་དཔུང་སྡེ་འཛུགས་སྐྲུན་ལ་སྔར་ལས་ཤུགས་སྣོན་པ་དང་སྡེ་ཁུལ་བཅོས་སྐྱོང་གི་ཆུ་ཚད་དང་ནུས་པ་མཐོར་འདེགས་གཏོང་བའི་ཆེད་དུ། ན་ནིང་གི་ལོ་མཇུག་སྐབས་སུ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཨུའི་རྩ་འཛུགས་པུའུ་ཡིས་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་རུ“ཏང་ཡོན་རྣམས་ཏང་གི་སློབ་གྲྭར་སོང་ནས་གཅིག་བསྡུས་རེས་སྐོར་སྦྱོང་བརྡར་བྱེད་པའི་བཟོ་འགོད”དང་སྡེ་ཁུལ་གྱི་ཏང་རྩ་འཛུགས་ཀྱི་རྐང་འཛིན་སྟོབས་ཤུགས་ཀྱི་ཁུལ་རིམ་པའི་དཔེ་སྟོན་གསོ་སྦྱོང་འཛིན་གྲྭ་བསྒྲུབས་པ་དང་། ཁུལ་ཡོངས་ཀྱི་སྡེ་ཁུལ55ཡི་ཏང་རྩ་འཛུགས་ནས་ཡོང་བའི་ལས་བྱེད་རྐང་འཛིན་སྟོབས་ཤུགས62ཐེངས་འདིའི་གསོ་སྦྱོང་ལ་ཞུགས་ཡོད།

མིག་སྔར་སྡེ་ཁུལ་དེ་ཉིད་ལོ་རྒྱུས་ཀྱི་ཆ་རྐྱེན་གསར་པའི་འོག་ཏང་གི་ཆབ་སྲིད་ཀྱི་མགོ་ཁྲིད་པ་དང་།ཏང་དང་མང་ཚོགས་བར་གྱི་འབྲེལ་བ་དམ་ཟབ་ཏུ་གཏོང་བ།སྔར་ལས་བཟང་བའི་སྒོ་ནས་མི་དམངས་ལ་ཞབས་འདེགས་ཞུ་བ་མཚོན་པའི་དམིགས་ཡུལ་མངོན་འགྱུར་བྱེད་པའི་ཁྱབ་ཁོངས་གསར་པ་དང་ཐབས་ལམ་གསར་པ་ཞིག་ཏུ་གྱུར་ཟིན་པ་དང་། གྲོང་ཁྱེར་དོ་དམ་སྒྲིག་སྲོལ་བཅོས་བསྒྱུར་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སྤེལ་བ་དང་བསྟུན་ནས། སྡེ་ཁུལ་གྱི་རྩ་འཛུགས་འཛུགས་སྐྲུན་དང་སྤྱི་ཚོགས་བྱ་བའི་ཁྱབ་ཁོངས་སུ་གནས་ཚུལ་གསར་པ་དང་གནད་དོན་གསར་པ་མང་པོ་ཞིག་མངོན་པར་ཐོན་བྱུང་།

གསོ་སྦྱོང་བྱེད་པའི་ཁྲོད་དུ། སློབ་ཁྲིད་གནང་བའི་འཆད་ཁྲིད་དགེ་རྒན་དང་སློབ་མ་ཚོས་ཆེད་དོན་ཟུར་ཁྲིད་བྱེད་པ་དང་། བརྙན་གཟུགས་སློབ་ཁྲིད་དང་བརྗེ་རེས་དཔྱད་གླེང་དང་ཡུལ་དངོས་ནས་སློབ་ཁྲིད་བྱེད་པ་སོགས་བྱེད་སྟངས་སྣ་མང་སྤྱད་དེ། འགན་འཁྲི་འཁུར་ལེན་གྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། ཏང་འཛུགས་སྐྲུན་བྱ་བའི་ཆུ་ཚད་མཐོ་རུ་འདེགས་པ་དང་། སྤྱི་ཚོགས་བཅོས་སྐྱོང་ལ་སྣེ་ཁྲིད་པ་སོགས་ཀྱི་ཐད་ནས་བགྲོ་གླེང་གྲོས་བསྡུར་བྱས་ཤིང་། ཕན་ཚུན་གྱི་ཉམས་མྱོང་སྤེལ་རེས་བྱས། སློབ་སྦྱོང་བྱས་པ་བརྒྱུད། སློབ་མ་རྣམས་ཀྱིས་སྡེ་ཁུལ་གྱི་ཏང་འཛུགས་སྐྲུན་བྱ་བར་ཤུགས་སྣོན་པའི་འཐབ་ཇུས་ཀྱི་དོན་སྙིང་ངོས་ཟིན་པ་དང་། སྔར་ལས་ལྷག་པར་ཏང་ཡོན་ལ་རོགས་རམ་བྱས་ཏེ། སྡེ་ཁུལ་གྱི་དོ་དམ་དང་ཞབས་ཞུའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་སུ་བཏང་ཞིང་། སྡེ་ཁུལ་གྱི་བྱ་བ་བཟང་ཞིང་མགྱོགས་པོའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ཡོད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།