ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་རིག་དངོས་ཅུས་ནས་རྒྱུས་ལོན་པ་ལྟར་ན། 2021ལོ་ནས2020ལོའི་བར་གྱི་ལོ་ངོ་བཅུའི་རིང་མཚོ་སྔོན་ཞིང་ཆེན་གྱིས་བསྡོམས་པས་གྲོན་དངུལ་སྒོར་དུང་ཕྱུར1.38བཏང་ནས་ཟི་ལིང་དང་ཏ་ཐུང་། ཧོང་ཀྲུང་སོགས་ས་ཁུལ་གྱི་ལྕགས་རིའི་སྲུང་སྐྱོང་བཟོ་འགོད་ལས་གཞི་ལག་བསྟར་བྱས་པ་དང་། ལྕགས་རིའི་གཙོ་སྒྲོམ་ལ་ཉེན་སེལ་མཁྲེགས་བཟོ་བྱས་ནས་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་བསྣན་པས། ཕན་ནུས་ལྡན་པའི་སྒོ་ནས་ལྕགས་རིའི་གཙོ་སྒྲོམ་གྱི་ཉེན་སྐྱོན་སེལ་ཏེ་ལྕགས་རིའི་ཁོར་ཡུག་ལྗོངས་ཁུལ་ལེགས་བཅོས་བྱས།
རྒྱུས་ལོན་པ་ལྟར་ན། མཚོ་སྔོན་ཞིང་ཆེན་ནང་ཁུལ་གྱི་ལྕགས་རི་ནི་མིང་རྒྱལ་རབས་ཀྱི་ལྕགས་རི་ཡིན་ཞིང་། གཙོ་བོ་ཟི་ལིང་དང་ལི་ཏུའུ། ཧུའུ་ཀྲུའུ། ཏ་ཐུང་། ཧོང་ཀྲུང་། ཧོང་ཡོན་སོགས་རྫོང12ཀྱི་མངའ་ཁོངས་སུ་ཁྱབ་ཡོད་ལ། རིང་ཚད་ལ་སྟོང་མུས363ཡོད་པ་དང་། གཟུགས་དབྱིབས་ལ་གྱང་དང་དགྲ་འགོག་ས་འོབས། དམག་བརྡའི་ས་ཚིགས། འགག བཙན་རྫོང་སོགས་ཡོད།
ལྕགས་རི་རྒྱལ་ཁབ་རིག་གནས་སྤྱི་གླིང་འཛུགས་སྐྲུན་དངོས་འབེབས་ཀྱི་གོ་རིམ་ཁྲོད། མཚོ་སྔོན་ཞིང་ཆེན་རིག་དངོས་ཅུས་ཀྱིས་ལྕགས་རིའི་སྲུང་སྐྱོང་ཞིག་གསོ་ལ་ཤུགས་བསྣན་ཏེ། ཧུའུ་ཀྲུའུ་མིང་རྒྱལ་རབས་ལྕགས་རི་དང་ཏ་ཐུང་ཡོན་པའོ་ཞིག་གསོ་ལས་གཞི། ཧོང་ཀྲུང་ཆུས་མཁར་རྫོང་གསར་བའི་ཉེན་སེལ་མཁྲེགས་བཟོའི་བཟོ་འགོད་སོགས་ལས་གཞི5སྙན་ཞུ་བྱས། གཞན་གཞི་གྲངས་ཅན་གྱི་དོ་དམ་དང་ཚན་རིག་ལྟ་སྐྱོང་ལ་དོ་སྣང་བྱས་ཏེ། ཀྲུང་གོའི་རིག་གནས་ཤུལ་བཞག་ཞིབ་འཇུག་གླིང་དང་མཉམ་འབྲེལ་སྒོས་མཚོ་སྔོན་ཞིང་ཆེན་གྱི་ལྕགས་རིའི་ཐོན་ཁུངས་ཆ་འཕྲིན་གཞི་གྲངས་དོ་དམ་མ་ལག་གི་ཚོད་ལྟའི་བྱ་བ་སྤེལ་བ་དང་། ལྕགས་རིའིི་ཐོན་ཁུངས་ཆ་འཕྲིན་ཅན་དང་གཞི་གྲངས་ཅན་གྱི་སྟེགས་བུའི་དོ་དམ་ཆུ་ཚད་མཐོར་འདེགས་སུ་བཏང་། །
རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།
མཚོ་སྔོན་ཞིང་ཆེན་གྱིས་བསྡོམས་པས་གྲོན་དངུལ་སྒོར་དུང་ཕྱུར1.38བཏང་ནས་ལྕགས་རིའི་སྲུང་སྐྱོང་བཟོ་འགོད་ལག་བསྟར་བྱས་པ།