དྭངས་གསལ་དུས་ཆེན་དང་ཉེ་བའི་དུས་སུ་ཟི་ལིང་གྲོང་ཁྱེར་མཁར་བྱང་ཆུས་ཀྱི་ཏང་ཡོན་གྱིས་སྔོན་གཤེགས་དཔའ་བོར་རྗེས་དྲན་བྱ་འགུལ་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  དྭངས་གསལ་དུས་ཆེན་དང་ཉེ་བའི་དུས་སུ། སྔོན་བཤགས་དཔའ་བོར་རྗེས་དྲན་དང་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ།  སྔོན་བཤེགས་དཔའ་བོའི་སྲོལ་རྒྱུན་བཟང་བོ་རྒྱུན་འཛིན་བཅས་བྱ་ཆེད།  ཏང་ཡོན་ལས་བྱེད་པའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ལ་ཤུགས་སྣོན་བརྒྱབ།  ཟླ4བའི་ཚེས1ཉིན།  ཟི་ལིང་གྲོང་ཁྱེར་མཁར་བྱང་ཆུས་མེ་འཁོར་འབབ་ཚིགས་ནུབ་མའི་སྲང་ལམ་ལས་ཁུངས་ཏང་ཀྲི་པུའུ་དང་མེ་འཁོར་འབབ་ཚིགས་ནུབ་མའི་སྡེ་ཁུལ་ཏང་ཨུ་གཉིས་ཀྱིས་མཉམ་འབྲེལ་སྒོས“སྔོན་གཤེགས་དཔའ་བོའི་གཏམ་རྒྱུད་བཤད་པ་དང་ཐོག་མའི་བསམ་འདུན་འགན་འཁྲི་གསལ་བོར་བྱེད་པའི”བྱ་འགུལ་སྤེལ།  ཚང་མས་མཉམ་དུ་ཏང་ཞུགས་དམ་ཚིག་ལ་སློབ་སྦྱོང་དང་སྡེ་ཁུལ་གྱི་ཏང་མིིས་ཚང་མར་སྔོན་བཤེགས་དཔའ་བོའི་གཏམ་རྒྱུད་བརྗོད་པ་དང་།  སེམས་ཀྱི་མྱོང་ཚོར་བཤད་པ།  གསར་བརྗེའི་གླུ་དབྱངས་མཉམ་ལེན་སོགས་ཀྱི་བྱ་འགུལ་སྤེལ།  ཚང་མས་ཐེངས་འདིའི་ཏང་གི་སློབ་ཁྲིད་ནང་དུ“འཆད་པ་དང་ཉན་པ།  ལེན་པ”བཅས་ཡོད་པ་མ་ཟད་ད་དུང་བསམ་བློའི་གདོང་ཐུག་ཀྱང་ཡོད་ལ།  ཐེངས་འདིའི་བྱ་འགུལ་ལ་ཟབ་ཞུགས་ཀྱི་ཚོར་སྣང་དང་མཉམ་འགུལ་གྱི་བསམ་པ་ཧ་ཅང་ཆེན་པོ་ལྡན་པས།   “ཐོག་མའི་བསམ་འདུན་གྱི་ཡུལ་སྐོར”བྱེད་སྒོ་དེས་ཏང་མི་ཡོངས་ཀྱི་སེམས་གཏིང་དུ་བགས་ཆགས་ཟབ་མོ་བཞག་ཡོད།  །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།