མཚོ་སྔོན་ཞིང་ཆེན་གྱིས་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་མི་ཐེངས་ཁྲི39ལ་བརྒྱབ་པ།

1.jpg

ཟི་ལིང་གྲོང་ཁྱེར་གྱི་སྡོད་དམངས་ལ་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་རྒྱག་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་རིམས་འགོག་འཆར་འགོད་སའོ་ཡི་ཀྲུའུ་རིན་སྨན་པ་ཨ་ཁེ་ཀྲུང་གིས་མཚམས་སྦྱོར་བྱེད་རྒྱུར། མིག་སྔའི་བར་དུ། མཚོ་སྔོན་ཞིང་ཆེན་གྱིས་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་མི་ཐེངས་ཁྲི39ལ་བརྒྱབ་པ་དང་། དེའི་ནང་མི་ཐེངས་ཁྲི8ལྷག་གིས་སྨན་ཁབ་ཧྲིལ་བོ(རྒྱག་ཐེངས2)བརྒྱབ་ཚར་བ་དང་། མི་ཐེངས་ཁྲི31གིས་འགོག་སྨན་ཐེངས་དང་པོ་བརྒྱབ་ཚར་ཡོད་ཟེར།

མཚམས་སྦྱོར་བྱས་པ་ལྟར་ན། རྒྱལ་ཁབ་རིམས་ནད་སྔོན་འགོག་ཚོད་འཛིན་དང་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་རྒྱག་པའི་སྤྱིའི་བཀོད་སྒྲིག་ལ་གཞིགས་ཏེ། མཚོ་སྔོན་ཞིང་ཆེན་གྱིས2020ལོའི་ཟླ12པའི་ཚེས31ཉིན་ནས་བཟུང་། གསལ་ཞུ་དང་ཤེས་རྟོགས། འཐད་པ། རང་འཐད་བཅས་ཀྱི་སྔོན་འགྲོའི་ཆ་རྐྱེན་འོག འགོག་སྨན་རྒྱག་པའི་བྱ་བ་བརྟན་བརླིང་ངང་སྤེལ་ཡོད་དེ། ཐོག་མར་ཞིང་ཆེན་ཡོངས་ཀྱི་འཁྱག་ཉར་ཟས་རིགས་ལས་ཞུགས་མི་སྣ་དང་སྨན་བཅོས་མི་སྣ། ཕྱིར་འགྲིམ་མི་སྣ། སྤྱི་ཚོགས་དངོས་ཟོག་འགན་སྲུང་སོགས་ལས་རིགས་ཀྱི་འགོས་ཉེན་ཆེ་བའི་གཙོ་གནད་མི་ཚོགས་ལ་འགོག་སྨན་བརྒྱབ་པ་དང་། དེ་ནས་ཞབས་ཞུ་ལས་རིགས་དང་ངལ་རྩོལ་པ་འདུ་འཛོམས་ཆེ་བའི་ལས་རིགས། སྦྲག་སྲིད་མྱུར་སྐྱེལ་ལས་རིགས་སོགས་རིམས་ནད་བརྒྱུད་སྤེལ་ཀྱི་ཉེན་ཁ་ཅུང་ཆེ་བའི་མི་ཚོགས་ལ་འགོག་སྨན་བརྒྱབ། དེའི་འཕྲོར་ལོ18ནས་ལོ59བར་གྱི་མི་ཚོགས་ལ་པྲོག་གསར་གློ་ཚད་འགོག་སྨན་བརྒྱབ། གཞན་ཡང་རྒྱལ་ཁབ་རིམས་འགོག་འཐབ་ཇུས་ལེགས་སྒྲིག་བྱས་པ་དང་བསྟུན། མཚོ་སྔོན་ཞིང་ཆེན་གྱིས་ལོ60ཡན་དང་ལོ18མན་གྱི་མི་ཚོགས་ལ་འགོག་སྨན་རྒྱག་རྒྱུ་ཡིན་པ་དང་དུས་མཚུངས་སུ་མི་ཚོགས་གཞན་དག་ལའང་འགོག་སྨན་རྒྱག་རྒྱུ་རེད།

2.jpg

ཟི་ལིང་གྲོང་ཁྱེར་གྱི་སྡོད་དམངས་ལ་པྲོག་གསར་གློ་ཚད་འགོག་སྨན་རྒྱག་བཞིན་པ།

ཨ་ཁེ་ཀྲུང་གིས་མཚམས་སྦྱོར་བྱེད་རྒྱུར། པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་དེ་རྒྱལ་ཁབ་ཀྱིས་ཞིང་ཆེན་སོ་སོའི་འགོག་སྨན་བརྒྱབ་པའི་གནས་ཚུལ་དང་དགོས་མཁོར་གཞིགས་ཏེ་སྤྱི་འདོམས་བཀོད་སྒྲིག་བྱེད་བཞིན་ཡོད་ལ། མིག་སྔར་མཚོ་སྔོན་ཞིང་ཆེན་གྱི་འགོག་སྨན་མཁོ་སྤྲོད་འདང་ངེས་ཡོད་པ་དང་། འགོག་སྨན་རྒྱག་པའི་བྱ་བ་དེ་རྒྱལ་ཡོངས་ཀྱི་གོམ་སྟབས་དང་གཅིག་མཚུངས་ཡིན་ཞིང་། མིག་སྔར་ཞིང་ཆེན་ཡོངས་སུ་པྲོག་གསར་གློ་ཚད་ཀྱི་རིམས་ནད་འགོག་སྨན་རྒྱག་ས220ལྷག་བཙུགས་ཡོད་ཟེར། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།