ཀྲུང་དབྱང་སྐུལ་ཁྲིད་ཚན་ཆུང་མཚོ་སྔོན་སྡོད་ཁུལ་གྱིས་མཚོ་སྔོན་གྱི་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་དག་ཐེར་ལ་སྐུལ་ཁྲིད་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས31ཉིན། རྒྱལ་ཡོངས་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་ཀྲུང་དབྱང་གི་སྐུལ་ཁྲིད་ཚན་ཆུང་བཅོ་ལྔ་པས་མཚོ་སྔོན་ཞིང་ཆེན་བྱ་བའི་སྙན་ཞུ་སྐུལ་ཁྲིད་ཚོགས་འདུ་ཟི་ལིང་དུ་བསྡུས། ཀྲུང་དབྱང་སྐུལ་ཁྲིད་ཚན་ཆུང་གི་ཚན་གཙོ་ཁྲིན་ཧའོ་ཡིས་སྐུལ་ཁྲིད་བྱ་བའི་ཐད་གསུང་བཤད་གནང་བ་དང་། ཀྲུང་དབྱང་སྐུལ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་མཱ་ཀྲིན་ཆི་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ། ཞིང་ཆེན་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཝང་ཅན་ཅུན་གྱིས་ཚོགས་འདུ་མགོ་འཛིན་མཛད་དེ་བསམ་ཚུལ་གཏམ་བཤད་གནང་། ཧྲིན་ཀྲང་ངམཞིང་ཆེན་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་དག་ཐེར་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་དང་པོ་ཞིན་ཁྲང་ཞིང་ཚོགས་འདུར་ཞུགས། 

ཁྲིན་ཧའོ་ཡིས་རྒྱལ་ཡོངས་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་པའི་ཚུན་ལ། མཚོ་སྔོན་ཞིང་ཆེན་ཏང་ཨུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སློབ་གཏིང་ཟབ་དང་ལག་བསྟར་མཐར་ཕྱིན་བྱས་ཏེ། ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་ལྟར། ཞིང་ཆེན་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་དག་ཐེར་མགོ་ཁྲིད་ཚན་ཆུང་བཙུགས་པ་དང་། ཚན་རིག་མཐུན་པའི་ཇུས་འགོད་དང་། བློ་ཞིབ་མོས་རྩ་འཛུགས། མགྱོགས་མྱུར་གྱིས་འགུལ་སྐྱོད་བྱས་ཤིང་། ཧྲགས་བསྡུས་སྟོབས་ཤུགས་སྐོང་འཛུགས་བྱས་ཏེ། ཞིང་ཆེན་རིམ་པའི་མཛུབ་སྟོན་ཚན་ཆུང་འཛུགས་སྐྱོང་བྱས་ནས་སོ་སོའི་ལས་སྣེ་རུ་སླེབས་པར་བྱས་པས། རང་ཞིང་གི་སློབ་གསོ་དག་ཐེར་སྐོར་དང་པོས་ལས་སྒོ་ལེགས་པར་འབྱེད་པ་མངོན་འགྱུར་བྱུང་བར་སྐུལ་འདེད་ཐེབས། དུས་མཚུངས་སུ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་དམ་པོར་བྱས་པ་དང་། ཆབ་སྲིད་སློབ་གསོ་དང་། ཉེན་བརྡའི་སློབ་གསོ། དཔའ་བོའི་དཔེ་སྟོན་སློབ་གསོ་བཅས་ལ་སྐུལ་འདེད་གཏིང་ཟབ་བྱས་པས། སློབ་སྦྱོང་སློབ་གསོ་གོ་རིམ་སྤུས་ཚད་མཐོན་པོས་ལེགས་པར་བཟུང་ནས། ཉམས་མྱོང་ལེགས་པོ་དང་ཁྱད་ལྡན་དམིགས་བསལ་སྐོར་ཞིག་ལེགས་པར་གྲུབ་ཅིང་། དུམ་མཚམས་རང་བཞིན་གྱི་གྲུབ་འབྲས་བླངས། ཟླ4པའི་ཟླ་མགོ་ནས་བཟུང་། གྲོང་ཁྱེར་དང་རྫོང་རིམ་པའི་སློབ་གསོ་དག་ཐེར་རིམ་པ་བཞིན་དུ་བཅོས་སྒྲིག་གོ་རིམ་རྩད་བཤེར་ཡོ་བསྲང་དུ་བསྒྱུར་རྒྱུ། ཀྲུང་དབྱང་སྐུལ་ཁྲིད་ཚན་ཆུང་དུས་སྐབས་གལ་ཆེན་འདིར་མཚོ་སྔོན་དུ་གཞི་སྡོད་བྱས་པ་ནི། གནད་འགག་གི་གོ་རིམ་འདིར་སྐུལ་ཁྲིད་ལེགས་པར་འཛིན་པའི་ཆེད་དུ་ཡིན། བཅོས་སྒྲིག་གོ་རིམ་ལ་རྩད་བཤེར་ཡོ་བསྲང་བྱེད་པ་ནི། སློབ་གསོ་དག་ཐེར་གྱི་དཀའ་གནད་དངོས་སུ་འཛིན་པ་དང་། རྣག་ཐོག་ཁབ་གཙགས་བྱེད་པ། ཕན་འབྲས་མཐོང་བར་བྱེད་པའི་ལྟེ་བའི་གོ་རིམ་ཡིན་ལ། དུས་ཚོད་ཆེས་རིང་བ་དང་། འགན་ཁུར་ཆེས་ལྗིད་པ། སྲིད་ཇུས་ལ་འབྲེལ་བ་ཆེས་མང་བའི་གོ་རིམ་ཞིག་ཀྱང་ཡིན། གནད་དོན་རྩད་བཤེར་ཡོ་བསྲང་བྱས་པ་གཏིང་ཟབ་མི་ཟབ་དང་། བཅོས་སྒྲིག་བྱས་པ་མཐའ་འཁྱོལ་མ་འཁྱོལ་གྱིས་སློབ་གསོ་དག་ཐེར་གྱི་གྲུབ་འབྲས་ཐད་ཀར་དུ་ཐག་གཅོད་བྱེད་པར་བརྟེན། ང་ཚོས་དུས་རིམ་དང་པོའི་སློབ་སྦྱོང་སློབ་གསོ་གྲུབ་འབྲས་ལ་ཚོད་བགམ་བྱེད་པའི་གོ་རིམ་གལ་ཆེན་ཞིག་ཀྱང་ཡིན། མཚོ་སྔོན་གྱིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་རེའུ་མིག་ཚད་བསྡུར་བྱས་ནས། སྔར་བས་ལྷག་པར་བསམ་བློའི་ངོས་འཛིན་གཅིག་གྱུར་བྱེད་ཅིང་། གོ་རིམ་འདིར་དོན་དམ་པས་གནད་དོན་གང་ཞིག་ཐག་གིས་གཅོད་པ་དང་། གྲུབ་འབྲས་ག་འདྲ་ཞིག་ལེན་དགོས་པ་གསལ་པོར་ངེས་དགོས་ལ། བསམ་བློའི་སྟེང་ནས་དམིགས་འབེན་གསལ་པོར་བཟོ་བ་དང་། ཁ་ཕྱོགས་ཡང་དག་པར་འཚོལ་བ། འགྲོས་ཚད་ལེགས་པར་ཁོད་དུ་ཆུད་པ། གོ་རིམ་ལྡན་པར་སྐུལ་འདེད་བྱེད་པ་བཅས་བྱས་ནས། ཉམས་མྱོང་བཟང་པོ་དང་བྱེད་ཐབས་ལེགས་པོ་གསར་རྟོགས་དང་སྤྱི་སྡོམ་བྱེད་པ། སློབ་སྦྱོང་སློབ་གསོ་མགོ་མཇུག་བར་གསུམ་དུ་ཁྱབ་པར་བྱས་ཏེ། གཅིག་ཤེས་ཀུན་གྲོལ་གྱི་དཔེ་སྟོན་ནུས་པ་ཐོན་པར་བྱེད་དགོས། སློབ་གསོ་དག་ཐེར་སྐུལ་ཁྲིད་བྱ་བ་ནི་སྐུལ་ཁྲིད་དང་སྐུལ་ཁྲིད་བྱ་ཡུལ་ས་གནས་ཐུན་མོང་གི་ཆབ་སྲིད་འགན་ཁུར་ཡིན་ཞིང་། ཐེངས་འདིའི་སྐུལ་ཁྲིད་ཀྱི་དུས་ཚོད་ཐུང་བ་དང་། འགན་ཁུར་ལྗིད་པ། དཀའ་ངལ་ཆེ་བར་བརྟེན། མཐུན་སྦྱོར་རོགས་ལས་ཇེ་དྲག་ཏུ་བཏང་ནས། སྐུལ་ཁྲིད་བྱ་བའི་སྤྱི་ཡོངས་མཉམ་འགུལ་བྱས་ཏེ་སྟོབས་ཤུགས་གཅིག་ཏུ་སྒྲིལ་བར་ཁག་ཐེག་བྱེད་དགོས། མཚོ་སྔོན་ཞིང་ཆེན་དང་མགོ་ཁྲིད་ཚན་ཆུང་གིས་ངེས་པ་དོན་གྱིས་ཆབ་སྲིད་ལངས་གནས་མཐོར་བཏེགས་ཏེ། རང་རྟོགས་སྒོས་སྐུལ་ཁྲིད་དང་ལེན་བྱེད་པ་དང་། སྐུལ་ཁྲིད་བཅོས་སྒྲིག་སོགས་ཀྱི་འབྲེལ་ཡོད་བྱ་བ་ནན་ཏན་གྱིས་ལེགས་པོར་བསྒྲུབས་ནས། སྐུལ་ཁྲིད་ཚན་ཆུང་དང་མཉམ་དུ་ཏང་ཀྲུང་དབྱང་གིས་སྤྲད་པའི་སློབ་གསོ་དག་ཐེར་སྐུལ་ཁྲིད་འགན་ཁུར་འགྲུབ་པར་བྱེད་པའི་རེ་བ་ཡོད་ཅེས་བསྟན། 

ཝང་ཅན་ཅུན་གྱིས་མཐའ་གཅིག་ཏུ་མཚོ་སྔོན་ཞིང་ཆེན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་དོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་དང་། མཐའ་གཅིག་ཏུ་ཀྲུང་དབྱང་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་གི་བླང་བྱ་གཞིར་བཟུང་ནས། སྲིད་ཁྲིམས་དཔུང་ཁག་སློབ་གསོ་དག་ཐེར་དམ་འཛིན་བྱེད་པ་ནི“འདུ་ཤེས་བཞི་”ཇེ་དྲག་ཏུ་གཏོང་བ་དང་། “ཡིད་ཆེས་བཞི”ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”བྱེད་ཐུབ་པ་བཅས་ཀྱི་ཞིབ་བཤེར་གལ་ཆེན་ཏུ་འཛིན་པ་དང་། སྲ་བརྟན་གྱི་སྲིད་ཁྲིམས་དཔུང་ཁག་འཛུགས་སྐྱོང་བྱེད་ཐབས་གལ་ཆེན་དུ་བཟང་ནས། སློབ་གསོ་དག་ཐེར་བྱེད་པའི་བསམ་བློའི་གོ་རྟོགས་དང་ཆབ་སྲིད་ཀྱི་གོ་རྟོགས། བྱ་སྤྱོད་ཀྱི་གོ་རྟོགས་བཅས་ནན་ཏན་གྱིས་ཤུགས་ཆེ་རུ་གཏོང་དགོས། བློ་ཐག་རྦད་ཆོད་ཀྱིས་ཆབ་སྲིད་ཀྱི་སྟེང་ཚད་གཞི་ཡོད་པ། བྱ་བའི་སྟེང་འབྲེལ་མཐུད་བྱེད་པ། གོ་རིམ་སྟེང་འགྲིག་ལམ་ཡོད་པ། དག་ཐེར་གྱི་སྟེང་གནད་དུ་འཁེལ་བ། སྐུལ་འདེད་ཀྱི་སྟེང་ཆ་འགྲིག་པ་བཅས་བྱེད་དགོས། རང་རྟོགས་ཀྱིས་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་གི་བཀོད་སྒྲིག་ལ་བརྩི་སྲུང་དང་། ལྟ་སྐུལ་མཛུབ་སྟོན་ཚན་ཆུང་གིས་བཏོན་པའི་བླང་བྱའི་དོན་ཚན་རེ་རེར་མཐོང་ཆེན། རྩིས་སྤྲོད་བྱས་པའི་ཁུངས་སྣེ་རྩད་མ་ཆོད་པར་མཚམས་མི་འཇོག་པ། བསྟན་པའི་གནད་དོན་ཐག་མ་ཆོད་པར་ལྷོད་ཡངས་མི་གཏོང་བ།  བཏོན་པའི་བསམ་འཆར་དང་གྲོས་གཞི་དོན་འཁྱོལ་མ་བྱས་པར་ལྷོད་ཡངས་མི་གཏོང་བ་བཅས་བྱས་ནས། ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་དང་། ཆབ་སྲིད་ཀྱི་སློབ་སྟོན་ནུས་པ། ཆེས་ཆེ་བའི་ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་ལ་བརྟེན་ནས་གཏིང་ཟབ་དང་ཞིབ་ཚགས་ཀྱི་སྒོས་སློབ་གསོ་དག་ཐེར་བྱེད་པར་སྐུལ་འདེད་གཏོང་དགོས། མཐའ་གཅིག་ཏུ་སློབ་གསོ་དག་ཐེར་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་བ་དང་། སློབ་གསོ་དག་ཐེར་བྱེད་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་ཟུང་འབྲེལ་བྱེད་པ། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་སྤེལ་བ་དང་ཟུང་འབྲེལ་བྱེད་པ། ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པའི་སྐབས་ཀྱི་བརྟན་ལྷིང་སྲུང་སྐྱོང་དང་བདེ་སྲུང་གི་ལས་འགན་སྒྲུབ་པ་དང་ཟུང་འབྲེལ། ནག་སེལ་ངན་འཇོམས་ཀྱི་ཆེད་དོན་འཐབ་རྩོད་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་རྒྱུན་རྣམ་ཅན་གྱི་འཐབ་རྩོད་ལ་སྐུལ་འདེད་གཏོང་བར་ཟུང་འབྲེལ་བྱེད་ཐུབ་དགོས། སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་ཟུང་འབྲེལ། “མིག་སྔའི་བཅོས་སྐྱོང”བྱེད་ཐུབ་དགོས་པ་མ་ཟད། “ཡུན་རིང་དུ་གནས་པ”བྱེད་ཐུབ་དགོས་ལ། སློབ་གསོ་དག་ཐེར་བྱེད་པའི་ཉམས་མྱོང་དང་གྲུབ་འབྲས་དག་བྱང་ཚད་མཐོ་བའི་སྲིད་ཁྲིམས་དཔུང་ཁག་འཛུགས་སྐྱོང་བྱེད་པའི་རྒྱུན་ཕན་གྱི་ནང་རྐྱེན་དུ་འགྱུར་བར་བྱེད་པ། སྲིད་ཁྲིམས་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕན་འབྲས་ཐོན་པ། ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་སློབ་གསོ་དག་ཐེར་བྱས་པ་ལས་བྱུང་བའི་རྣམ་པ་གསར་པ་དང་འགྱུར་ལྡོག་གསར་པར་དངོས་སུ་རོལ་མྱོང་བྱེད་དུ་བཅུག་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་ལ་མཚོ་སྔོན་གྱི་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་ཚད་ལྡན་ཡིན་པའི་རྒྱུགས་ལན་སྤྲོད་དགོས་པར་བསྟན། 

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་ཞིང་ཆེན་སྲིད་ཁྲིམས་དཔུང་ཁག་སློབ་གསོ་དག་ཐེར་མགོ་ཁྲིད་ཚན་ཆུང་གི་ཙུའུ་ཀྲང་གཞོན་པ་ཡན་པའེ་ཡིས་མཚོ་སྔོན་གྱི་སྲིད་ཁྲིམས་དཔུང་སྡེ་འཛུགས་སྐྱོང་དང་སློབ་གསོ་དག་ཐེར་ལས་དོན་གྱི་འཕེལ་རིམ་གྱི་སྙན་ཞུ་ཕུལ།

ཀྲུང་དབྱང་གི་ལྟ་སྐུལ་མཛུབ་ཁྲིད་ཚན་ཆུང་བཅོ་ལྔ་པའི་ཁོངས་མི་དང་། ཞིང་ཆེན་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་མགོ་ཁྲིད་ཚན་ཆུང་གི་ཙུའུ་ཀྲང་གཞོན་པ་ལི་ཅེ་ཞང་། ཡུས་ཚུང་ལེ། མིང་ཡུང་ཧྲན་བཅས་དང་། དེ་བཞིན་ཞིང་ཆེན་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་མགོ་ཁྲིད་ཚན་ཆུང་གི་ཁོངས་མི་དང་གཞུང་ལས་ཁང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན། གྲོང་ཁྱེར(ཁུལ)ཏང་ཨུའི་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི།  ཞིང་ཆེན་བཙོན་ཁང་དོ་དམ་ཅུས་ཀྱི་བློ་མཐུན་འགན་འཁུར་པ་གཙོ་བོ་བཅས་སྙན་ཞུ་ཚོགས་འདུར་ཞུགས་ཡོད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།