ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས31ཉིན། རྒྱལ་ཁབ་ཁྲལ་བསྡུ་སྤྱི་ཁྱབ་ཅུས་མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུས་ཀྱིས“དཔྱིད་རླུང་འགུལ་སྐྱོད”ཀྱི་འཐུས་ཚབ་ཨུ་ཡོན་གྱིས་སྐུད་སྦྲེལ་ཁྲལ་བསྡུ་དང་ཁྲལ་བསྡུ་དྲིལ་སྒྲོག་ཟླ་བ་ཐེངས30བའི་མགོ་རྩོམ་མཛད་སྒོ་སྤེལ་བ་དང་། རང་ཞིང་གི་ཁྲལ་དོན་སྡེ་ཁག་གིས་བསྟུད་མར་ལོ8རིང“ངས་ཁྲལ་འཇལ་བ་དང་ཁྲལ་སྤྲོད་པར་དོན་དངོས་སྒྲུབ་པ་དང་ཁྲལ་སྒྲུབ་སྟབས་བདེའི་དཔྱིད་རླུང་འགུལ་སྐྱོད”སྤེལ་བ་དང་། རིགས11གི་སྣ35ཡི་ཁྲལ་སྒྲུབ་སྟབས་བདེ་བྱེད་ཐབས134བཏོན་ནས། མང་ཚོགས་ཀྱི་རེ་ཞུར་ལན་སློག་མགྱོགས་ཤིང་། དམིགས་བསལ་སྲིད་ཇུས་ལོངས་སུ་སྤྱོད་པ། ལས་སྒྲུབ་སྟབས་བདེ། སྟོབས་ཤུགས་ཡོད་རྒུས་ཁྲལ་འཇལ་བ་དང་ཁྲལ་སྤྲོད་པར་ཡིད་ཚིམས་སུ་འཇུག་པར་ཁག་ཐེག་བྱས།
དྲིལ་སྒྲོག་ཟླ་བའི་སྐབས་སུ། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱི་བཀོད་སྒྲིག་ལྟར། རང་ཞིང་གི་ཁྲལ་དོན་སྡེ་ཁག་གིས་རྣམ་པ་འདྲ་མིན་གྱིས“བཅོས་བསྒྱུར་ཟབ་སྤེལ་དང་ཁྲིམས་ལུགས་ལག་བསྟར་ཇེ་ལེགས་སུ་གཏོང་བ། ཞབས་ཞུ་ལེགས་བཅོས”ཀྱི་དྲིལ་སྒྲོག་བྱ་འགུལ་སྤེལ་ནས། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་རིང་གི་ཁྲལ་བསྡུ་དོ་དམ་བཅོས་བསྒྱུར་གྱི་འཕེལ་རྒྱས་བརྒྱུད་རིམ་དང་གྲུབ་འབྲས་ལ་ཕྱིར་དྲན་བྱས་ཤིང་། དམངས་ཀྱི་སྟབས་བདེའི་ཁྲལ་སྒྲུབ་ཞབས་ཞུའི་བྱེད་ཐབས་དྲིལ་སྒྲོག་ལ་དམིགས་ཏེ། དམངས་ཀྱི་སྟབས་བདེའི་དམངས་ཕན་ཞབས་ཞུའི་བྱེད་ཐབས་དྲིལ་སྒྲོག་བཟང་བོ་བྱས་ནས། ཁྲལ་སྒྲུབ་འགྲོ་གྲོན་སྤྲོད་པའི་དཀའ་གནད་དང་གནད་དོན་ཐག་གཅོད་བྱས་ཏེ། ཁྲལ་བསྡུའི་ཞབས་ཞུའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ཀྱི་སྒྲུབ་སྟངས་དྲིལ་སྒྲོག་བྱས་ནས། ད་ལོའི་སྲིད་གཞུང་བྱ་བའི་སྙན་ཞུ་དང་། “ལོ་ལྔའི་འཆར་གཞི་བཅུ་བཞི་བའི”འཆར་འགོད་ཀྱི་ཁྲལ་འབྲེལ་ལས་འགན་བྱེད་ཐབས་དོན་འཁྱོལ་བྱེད་པ་དྲིལ་སྒྲོག་བྱེད་པ་དང་། ཁྲལ་བསྡུའི་དྲིལ་སྒྲོག་ཁྱབ་གདལ་དང་སློབ་གསོར་དམིགས་ཏེ། རིམ་པ་སོ་སོའི་ཁྲལ་བསྡུ་ལས་ཁུངས་ཀྱི“ཁྲལ་དོན་པས་ཁྲལ་བསྡུ་བཅའ་ཁྲིམས་བཤད་པ”སོགས་ཀྱི་བྱ་འགུལ་རྩ་འཛུགས་བྱས་ནས། མང་ཚོགས་ཀྱིས་ཁྲལ་བསྡུའི་བཅའ་ཁྲིམས་ཀྱི་ཤེས་རྟོགས་ཆུ་ཚད་མཐོ་རུ་བཏང་སྟེ། སྤུས་ཚད་མཐོ་བ་སྒོ་ནས་འཕེལ་རྒྱས་ཀྱི་དུས་སྐབས་གསར་བའི་ཁྲལ་བསྡུ་དེང་རབས་ཅན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། “ལོ་ལྔའི་འཆར་གཞི་བཅུ་བཞི་བའི”མགོ་ལེགས་པོ་ཞིག་རྩོམ་པར་གླེང་ཕྱོགས་ཀྱི་ཁོར་ཡུག་ཡག་པོ་གསར་སྐྲུན་བྱེད་པར་སྐུལ་འདེད་བཏང་བ་རེད། །
རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།
མཚོ་སྔོན་ཞིང་ཆེན་གྱིས་ཁྲལ་བསྡུའི་དྲིལ་སྒྲོག་ཟླ་བ་ཐེངས30པའི་བྱ་འགུལ་མགོ་བརྩམས།