མཚོ་སྔོན་གྱི་ཞིང་ཆེན་རིམ་པའི་མཛུབ་སྟོན་ཚན་ཆུང9ཡུལ་དངོས་སུ་སོང་ནས་ལྟ་སྐུལ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་དཔུང་སྡེའི་སློབ་གསོའི་དག་ཐེར་བྱ་བ་མགོ་བརྩམས་པའི་རིང་ལ། མཚོ་སྔོན་ཞིང་ཆེན་ཏང་ཨུས་མཛུབ་སྟོན་ཚན་ཆུང9ས་གནས་སོ་སོར་མངགས་ཏེ། ཟླ3འི་ཚེས15ཉིན་ནས་བཟུང་། མཛུབ་སྟོན་ཚན་ཆུང་གིས་ཡུལ་དངོས་མཛུབ་སྟོན་ཚན་ཆུང51མངགས་ཏེ་ས་ཁུལ་སོ་སོར་སོང་ནས་སྲིད་ཁྲིམས་ལས་ཁུངས་སུ་ཁྱོན་ཡོངས་ནས་ཡུལ་དངོས་མཛུབ་སྟོན་བྱ་བ་སྤེལ་བ་དང་། མི་སྣ་ཚན་བགོས་དང་། ལས་འགན་ལས་བགོས། གནས་སྐབས་རྩ་འཛུགས་དང་། ཞུ་གཏུགས་ཁ་པར་ཡིག་སྒམ་སོགས་འཛུགས་པའི་བྱ་བ་ཁྱོན་ཡོངས་ནས་ལེགས་འགྲུབ་བྱས། 

ལྟ་སྐུལ་ཁྲོད། འདྲི་བཤེར་དང་ཡར་ཞུར་ཉན་པ། སྲིད་ཁྲིམས་ལས་ཁུངས་ཀྱི་བྱ་བའི་སྐུལ་འདེད་ཚོགས་འདུ་དང་། ཏང་གི་བརྗོད་དོན་ཉིན་མོའི་བྱ་འགུལ། དེ་མིན་བཞུགས་མོལ་བརྗེ་རེས་དང་། རྒྱུ་ཆར་བལྟ་བ། མི་སྒེར་གྱི་གླེང་མོལ་བྱེད་པ། གཞུང་ལུགས་ཚད་ལེན་དང་སྲིད་གཙང་ཞིབ་བཤེར་སྙན་ཞུ་སོགས་སོགས་ཀྱི་རྣམ་པས། ཁྱོན་ཡོངས་ནས་སྲིད་ཁྲིམས་ལས་ཁུངས་ཀྱི་སློབ་གསོའི་དག་ཐེར་སྐུལ་འདེད་གནས་ཚུལ་ལ་རྒྱུས་ལོན་བྱས་པ་མ་ཟད། ཡུལ་དངོས་ནས་མཛུབ་སྟོན་བྱས་པ་དང་། དཔུང་ཁག་སློབ་གསོའི་དག་ཐེར་སྔོན་གྱི་བྱ་བའི་ཁྲོད་གནས་པའི་མི་འདང་ས་དང་། རྗེས་མའི་བྱ་བར་སྐུལ་འདེད་གཏོང་བའི་ཐད་བྱེ་བྲག་གི་བསམ་འཆར་བཏོན། 

མཛུབ་སྟོན་ཚན་ཆུང་གིས་ནན་གྱིས་བསྟན་དོན། གཞུང་ལུགས་སློབ་སྦྱོང་ཤུགས་དྲག་ཏུ་གཏོང་བ་དང་། སྤུས་ཚད་དང་ཚད་གཞི་འགན་སྲུང་སྒོས་དྲིལ་སྒྲོག་བྱས་ཤིང་། བྱ་བའི་ཆེད་སྒྲུབ་སོ་སོས་སྲིད་ཁྲིམས་ལས་ཁུངས་དང་མཐུན་འགྲིག་ལ་ཤུགས་བསྣན་ནས། ས་གནས་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོའི་དག་ཐེར་བྱ་བ་ཕན་འབྲས་ཡོད་པའི་སྒོ་ནས་སྐུལ་འདེད་གཏོང་བར་ཁག་ཐེག་བྱས།  །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།