(2021ལོའི་ཟླ3པའི་ཚེས31ཉིན་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་བཞི་བའི་སྟེང་གྲོས་འཆམ་བྱུང)
ཀྲང་ཧོང་ཡོན་གྱི་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་དྲུང་ཡིག་ཆེན་མོའི་གོ་གནས་དང་། ཝང་ཀྲང་ཧྲེང་གྱི་མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་གི་ཐིང་ཀྲང་གི་གོ་གནས། མཁས་བ་ཡི་མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྱི་གོ་གནས། ཝང་ཏིང་པང་གི་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གི་ཐིང་ཀྲང་གི་གོ་གནས། ཀུའོ་ཀེན་ཝང་གི་མཚོ་སྔོན་ཞིང་ཆེན་ཕྱི་དོན་གཞུང་ལས་ཁང་གི་ཀྲུའུ་རེན་གྱི་གོ་གནས་ཕྱིར་འཐེན་བྱེད་པར་གྲོས་ཐག་བཅད་པ་མ་ཟད། ཝང་ཏིང་པང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་དང་། ཀྲུའུ་ཞང་ཧྥེང་མཚོ་སྔོན་ཞིང་ཆེན་ཕྱི་དོན་གཞུང་ལས་ཁང་གི་ཀྲུའུ་རེན་ལ་བསྐོ་བཞག་བྱེད་རྒྱུར་གཏན་འཁེལ་བྱས། །
རྩོམ་སྒྲིག་པ། བདེ་ལེགས་མཚོ།
མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གོ་གནས་བསྐོ་འཐེན་མིང་ཐོ།