མཚོ་སྔོན་ཞིང་ཆེན་སྐབས་བཅུ་གསུམ་པའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་བཞི་པ་མཇུག་བསྒྲིལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས31ཉིན་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གསུམ་པའི་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ཉེར་བཞི་པ་མཇུག་བསྡུས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཀྲང་ཀོང་རུང་དང་མ་ཝེ། ཉི་མ་སྒྲོལ་མ། ཝུའུ་ཧའེ་ཁུན། ལིའུ་ཐུང་ཏི་བཅས་དང་། དྲུང་ཡིག་ཆེན་མོ་ཅ་དབྱིང་ཀྲུང་དང་དེ་བཞིན་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་བཅས་བསྡོམས་པས་མི52ཚོགས་འདུར་ཞུགས་ཤིང་། ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་མི་གྲངས་དང་མཐུན་ཡོད་པ་རེད། ཀྲང་ཀོང་རུང་གིས་ཚོགས་འདུར་མགོ་འཛིན་མཛད་པ་རེད།

ཚོགས་འདུའི་སྟེང《མཚོ་སྔོན་ཞིང་ཆེན་གྱི་བྱི་རིམས་སྔོན་འགོག་ཚོད་འཛིན་སྲོལ་ཡིག》དང་།《མཚོ་སྔོན་ཞིང་ཆེན་གྱི་སྤྱི་པའི་ཡིད་རྟོན་ཆ་འཕྲིན་སྲོལ་ཡིག》《མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་ས་གནས་ཀྱི་རིམ་པ་ཁག་གི་མི་དམངས་འཐུས་མི་ཚོགས་ཆེན་འདེམས་བསྐོའི་བཅའ་ཁྲིམས་ཀྱི་ཞིབ་ཕྲའི་སྲོལ་ཡིག་ལག་བསྟར་བྱེད་པའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཏན་འབེབས》《ཞིང་ཆེན་ཡོངས་ཀྱི་རྫོང་དང་ཤང་རིམ་པ་གཉིས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་སྐབས་བརྗེའི་འདེམས་བསྐོའི་དུས་ཚོད་སྐོར་གྱི་མཚོ་སྔོན་ཞིང་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས》《མཚོ་སྔོན་ཞིང་ཆེན་གྱི་རྫོང(གྲོང་ཁྱེར་དང་ཆུས)རིམ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་འཐུས་མིའི་ཚོགས་ཆེན་གྱི་འཐུས་མིའི་མི་གྲངས་དང་དེ་བཞིན་ཁོངས་མིའི་མི་གྲངས》མཚོ་སྔོན་ཞིང་ཆེན་གྱི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིསཟི་ལིང་གྲོང་ཁྱེར་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ས་གནས་ཀྱི་རང་བཞིན་གྱི་ཁྲིམས་སྲོལ་ཁ་ཤས་མེད་པར་བཟོ་བ་དང་བཟོ་བཅོས་རྒྱག་པའི་སྐོར་གྱི་ཆོད་དོན》སྐོར་གྱི་གྲོས་ཆོད་དང་། མཚོ་སྔོན་ཞིང་ཆེན་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་འཐུས་མི་རེ་ཟུང་གི་འཐུས་མིའི་ཐོབ་ཐང་ལ་ཞིབ་བཤེར་བྱས་པའི་སྙན་ཞུ་བཅས་ལ་གྲོས་འཆམ་བྱུང་།

ཚོགས་འདུའི་སྟེང་གྲོས་ཐག་བཅད་དེ་འབྲེལ་ཡོད་མི་དོན་དོན་ཚན་ལ་གྲོས་འཆམ་བྱུང་།

ཀྲང་ཀོང་རུང་གིས་གསར་དུ་བསྐོ་གཞག་བྱས་པའི་བློ་མཐུན་ལ་འགན་བཞེས་ཡི་གེ་སྤྲད་པ་རེད།

ཚོགས་འདུའི་སྟེང་རྩ་ཁྲིམས་དམ་བཅའ་འཇོག་པའི་མཛད་སྒོ་བསྡུས།

ཧྲིན་ཀྲང་གཞོན་པ་ལིའུ་ཁྲའོ་དང་ཞིང་ཆེན་ལྟ་སྐུལ་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འགན་འཁུར་པ། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་འགན་འཁུར་པ། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་བཅས་ཡིན་པའི་མོང་ཡུང་ཧྲན་སོགས་ཚོགས་འདུར་ཟུར་ཞུགས་གནང་ཡོད།

ཚོགས་འདུ་གྲོལ་རྗེས། ཡུལ་དངོས་སུ་ཆེད་དོན་འཆད་ཁྲིད་ཐེངས་བཅུ་དྲུག་པ《འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་དགོས》ཞེས་པ་སྤེལ།  །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།