ཞིན་ཧེ་རྫོང་ལུང་བཟང་ཤང་གིས་གསོ་སྦྱོང་འཛིན་གྲྭ་བཙུགས་ཏེ་དབུར་ཐར་འགག་སྒྲོལ་གྱི་མཇུག་འབྲས་སྲ་བརྟན་དུ་བཏང་།

1.jpg

འདི་ནི་རླངས་འཁོར་ཞིག་གསོ་གསོ་སྦྱོང་བྱེད་པའི་ཡུལ་དངོས་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ3པའི་ཚེས30ཉིན།  མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་ལས་ཞུགས་ཅུས་ཀྱི་རོགས་རམ་འོག་ཏུ།  ཞིན་ཧེ་རྫོང་ལུང་བཟང་ཤང་གིས་ཟས་རིགས་གཡས་སྦྱོར་དང་རླངས་འཁོར་ཞིག་གསོོ་སོགས་ཀྱི་གསོ་སྦྱོང་འཛིན་གྲྭ་བཙུགས་པ་དང་།  ཐེངས་འདིའི་བྱ་འགུལ་ནང་བསྡོམས་པས་མི100ལྷག་ཞུགས་ཡོད།  གསར་འགོད་པས་རྒྱུས་ལོན་པ་ལྟར་ན།  ཏང་འཛུགས་ཀྱི་སྣེ་ཁྲིད་འོག་ཤང་ཡོངས་ཀྱི་ངལ་རྩོལ་པར“གསོ་སྦྱོང་བྱེད་འོས་པ་དག་ནུས་ཤུགས་ཡོད་རྒྱུས་གསོ་སྦྱོང་བྱེད་པ་དང་གསོ་སྦྱོང་བྱེད་རྒྱུར་འཐད་པ་དག་ལ་ངེས་པར་དུ་གསོ་སྦྱོང་བྱེད་དགོས“པའི་རྩ་དོན་རྒྱུན་འཁྱོངས་བྱས་ནས།  “དུད་ཚང་གཅིག་ཀྱང་མི་ལུས་པ་དང་མི་གཅིག་ཀྱང་མི་ལུས་པར”ལག་རྩལ་གསོ་སྦྱོང་མངོན་འགྱུར་བྱས།  ཐེངས་འདིའི་བྱ་འགུལ་བརྒྱུད་ལུང་བཟང་ཤང་གི་དབུར་ཐར་འགག་སྒྲོལ་གྱི་མཇུག་འབྲས་སྔར་ལས་ལྷག་པའི་སྒོ་ནས་སྲ་བརྟན་དུ་བཏང་བ་དང་།  ལུང་བཟང་ཤང་གི་ངལ་རྩལ་ནུས་ཤུགས་དང་ལས་ཞུགས་ནུས་ཤུགས་མཐོར་འདེགས་སུ་བཏང་སྟེ།  ལུང་བཟང་ཤང་གི་ངལ་རྩོལ་ནུས་ཤུགས་ལས་ཞུགས་ལས་གནས་སུ་བསྒྱུར་ཅིང་དབུར་སྐྱོར་ཁྱིམ་ཚང་གི་དཔལ་འབྱོར་འཕེལ་རྒྱས་ལ་རོགས་འདེགས་བྱས་པ་རེད།  །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།