མཚོ་སྔོན་གྱི་སྔོན་ཐོན་དཔེ་མཚོན7དེ2020ལོའི་རྒྱལ་ཡོངས་ཀྱི་ལེ་ཧྥེང་ལ་སློབ་སྦྱོང་བྱེད་པའི་དང་བླངས་ཞབས་ཞུའི་མིང་ཐོ་ཁྲོད་ཚུད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས31ཉིན། ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་ཀྲུང་དབྱང་དཔལ་ཡོན་གཞུང་སྒྲུབ་ཁང་གིས་པེ་ཅིང་དུ་ལེ་ཧྥུང་ལ་སློབ་སྦྱོང་བྱེད་པའི་དང་བླངས་ཞབས་ཞུའི་བྱ་བའི་བརྙན་འཕྲིན་ཁ་པར་ཚོགས་འདུ་བསྡུས་པ་དང་། ཚོགས་འདུའི་སྟེང2020ལོའི་རྒྱལ་ཡོངས་ཀྱི་ལེ་ཧྥུང་ལ་སློབ་སྦྱོང་བྱེད་པའི་དང་བླངས་ཞབས་ཞུའི“བརྒྱ་བཞི་ཡི”སྔོན་ཐོན་དཔེ་མཚོན་མིང་ཐོ་ཁྱབ་བསྒྲགས་བྱས་ཤིང་། རང་ཞིང་གི་དཔེ་མཚོན7དེའི་ཁྲོད་ཚུད་ཅིང་། དང་བླངས་པ2དང་དང་བླངས་ཞབས་ཞུའི་རྩ་འཛུགས2། དེ་མིན་དང་བླངས་ཞབས་ཞུའི་ལས་གཞི2དང་དང་བླངས་ཞབས་ཞུའི་སྡེ་ཁུལ1བཅས་འདུས། 

དེ་དག་སོ་སོར་ནི་ཆེས་མཛེས་པའི་དང་བླངས་པ་སྟེ། ཡུས་ཧྲུའུ་གྲོང་ཁྱེར་ཀྲེ་ལུང་ཏ་སྡེ་ཁུལ་གྱི་སྐལ་བཟང་མེ་ཏོག་དང་བླངས་ཞབས་ཞུ་རུ་ཁག་གི་དང་བླངས་པ་པད་མ་ལྷ་མོ་དང་ཀའོ་མིན་དབྱི་བརྩེ་སེམས་ཚོགས་པ་མཚོ་སྔོན་རོགས་སྐྱོར་ཡན་ལག་རུ་ཁག་གི་དང་བླངས་པ་ཝུའུ་ཧའེ་ལུའུ་གཉིས་ཡིན་པ་དང་། ཆེས་ལེགས་པའི་དང་བླངས་ཞབས་ཞུའི་རྩ་འཛུགས་ནི་མཚོ་སྔོན་འོན་པའི་དང་བླངས་ཚོགས་པ་དང་ཟི་ལིང་གྲོང་ཁྱེར་ལོ་ཆུང་དང་བླངས་པའི་མཐུན་ཚོགས་ཡིན་ལ། ཆེས་ལེགས་པའི་དང་བླངས་ཞབས་ཞུའི་ལས་གཞི་ནི་མཚོ་ནུབ་ཁུལ་ལན་ཐེན་འཕྲལ་བསྟུན་མྱུར་སྐྱོབ་ལྟེ་གནས་ཕྱི་རོལ་མྱུར་སྐྱོབ་དང་བླངས་པའི་ཞབས་ཞུ་ལས་གཞི་དང་ཟི་ལིང་གྲོང་ཁྱེར་གྱི་ནག་ཉེས་དང་འབྲེལ་བའི་ནར་མ་སོན་པའི་མིའི་སེམས་ཁམས་དོ་སྣང་དང་བླངས་ཞབས་ཞུ་ལས་གཞི་ཡིན་ཞིང་། ཆེས་མཛེས་པའི་དང་བླངས་ཞབས་ཞུའི་སྡེ་ཁུལ་ནི་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་མཁར་ཤར་ཁུལ་ཏ་ཀྲུང་སྲང་ལམ་གུང་ཧོ་ལམ་སྡེ་ཁུལ་བཅས་ཡིན་པ་རེད།  །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།