མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་ཀྲུང་དབྱང་སྐོར་ཞིབ་ལན་སློག་བསམ་འཆར་དག་ཐེར་བཀོད་གཏོང་སྐུལ་འདེད་ཚོགས་འདུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས31ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་མགོ་འཛིན་བྱས་ཏེ་ཞིང་ཆེན་མི་དམངས་སྲིད་གཞུང་ཀྲུང་དབྱང་སྐོར་ཞིབ་ལན་སློག་གི་འབྲེལ་ཡོད་བསམ་འཆར་དག་ཐེར་བཀོད་གཏོང་སྐུལ་འདེད་ཚོགས་འདུ་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐོར་ཞིབ་བྱ་བའི་གཞུང་ལུགས་ཞིབ་བརྗོད་དང་། ཀྲུང་དབྱང་སྐོར་ཞིབ་ཕྱོགས་བསྡུས་གནས་ཚུལ་ཡར་ཞུ་སྐབས་ཀྱི་གསུང་བཤད་ཀྱི་དགོངས་དོན་ལ་སློབ་སྦྱོང་ལག་ལེན་མཐར་ཕྱིན་བྱས་ནས། ཀྲུང་དབྱང་སྐོར་ཞིབ་བྱ་བའི་མགོ་ཁྲིད་ཚན་ཆུང་བྱ་བའི་བླང་བྱ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་གཅིག་གྱུར་བཀོད་སྒྲིག་ལ་དམིགས་ཏེ། གནད་དོན་དང་གནད་འཁེལ་ཐབས་ཇུས་ལག་བསྟར། གཅིག་བསྡུས་མཁྲེགས་གཏོར་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་སྲིད་གཞུང་སྡེ་ཁག་གི་སྐོར་དག་ཐེར་འཕེལ་རྒྱས་གནས་ཚུལ་ལ་ཡང་བསྐྱར་བཀོད་གཏོང་དང་ཡང་བསྐྱར་སྐུལ་འདེད་བྱས། 

ཚོགས་འདུས་བསྟན་དོན། ཀྲུང་དབྱང་སྐོར་ཞིབ་ཚན་ཆུང་ཐེངས15བས་རང་ཞིང་ལ་ལན་སློག་བསམ་འཆར་བཏོན་རྗེས། ཞིང་ཆེན་ཡོངས་ཀྱི་སྲིད་གཞུང་སྡེ་ཁག་གིས་དག་ཐེར་དོན་འཁྱོལ་བྱ་བར་མཐོང་ཆེན་བྱས་ཤིང་། ལན་སློག་བསམ་འཆར་ལ་དུས་ཚོད་དང་པོའི་ནང་དག་ཐེར་ལས་འགན་དང་སྐུལ་འདེད་གནས་ཚུལ་སྒྲིག་འཛུགས་བྱས་ཏེ། གནད་དོན་ལེགས་སྒྲིག་དང་དག་ཐེར་གཏན་འབེབས་ཐད་བསམ་བློ་ཞིབ་མོ་བཏང་བ་དང་། ལེགས་བཅོས་ལ་ཐོག་མའི་ཕན་འབྲས་མངོན་ཡོད།

ཚོགས་འདུས་ནན་གྱིས་བསྟན་དོན། དག་ཐེར་བྱ་བར་སྔར་བཞིན་ཤུགས་འདོན་པ་དང་མགྱོགས་མྱུར་གྱི་སྐུལ་འདེད་གཏོང་དགོས། སྔར་ལས་ལྷག་པའི་སྒོ་ནས་ཆབ་སྲིད་ཀྱི་ལངས་ཕྱོགས་མཐོར་འདེགས་སུ་བཏང་སྟེ། སྐོར་ཞིབ་ལེགས་བཅོས་བྱ་བ་དམ་འཛིན་བྱེད་པ་དེ“འདུ་ཤེས་བཞི་མཐོར་འདེགས”དང“ཡིད་ཆེས་བཞི་སྲ་བརྟན”“སྲུང་སྐྱོང་གཉིས”སྒྲུབ་པར་བྱེད་པའི་ཆབ་སྲིད་ཀྱི་ཉམས་ཚོད་དང་ལག་ལེན་གྱི་ཞིབ་བཤེར་བྱས་ནས། ཆབ་སྲིད་ཀྱི་བརྡར་གཅོད་ནུས་ཤུགས་དང་། ཆབ་སྲིད་ཀྱི་གོ་རྟོགས་ནུས་པ། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་མཐོ་རུ་གཏོང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་འཐུས་ཚབ་ཚོགས་པར་གྲོས་ཞིབ་དུ་ཞུགས་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་ལག་ལེན་མཐར་ཕྱིན་བྱེད་པ་དང་།ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་སྒོས། ཉིན་རྒྱུན་གྱི་བྱ་བའི་ཁྲོད་འདྲེས་སུ་འཇུག་པ་དང་། བཅོས་བསྒྱུར་ཟབ་སྤེལ་ཁྲོད་འདྲེས་སུ་འཇུག་པ། དེ་མིན་ཁྱོན་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བ་དང་། རྩ་འཛུགས་དཔུང་ཁག་འཛུགས་སྐྲུན་ཁྲོད་འདྲེས་སུ་བཅུག་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱེད་དགོས། སྔར་ལས་ལྷག་པའི་སྒོ་ནས་ལེགས་བཅོས་ཀྱི་མྱུར་ཚད་མགྱོགས་སུ་གཏོང་བ་དང་། བྱེད་ཐབས་དངོས་མས་དོན་འཁྱོལ་བྱེད་པ། དེ་མིན་ཞིབ་བཤེར་གྱི་གྲུབ་འབྲས་དང་གཟབ་ནན་གཉིས་མཉམ་དུ་ཟུང་འབྲེལ་སྒོས། བྱང་ཚད་མཐོ་བའི་སྒོ་ནས་སྐོར་ཞིབ་དག་ཐེར་ཀྱི་ལས་འགན་སོ་སོ་ལེགས་འགྲུབ་བྱེད་པར་ཁག་ཐེག་བྱེད་དགོས། 

ཚོགས་འདུས་སྐོར་ཞིབ་དག་ཐེར་དམ་འཛིན་བྱེད་པའི་དུས་མཚུངས་སུ། “གཏན་འཇགས་དྲུག”དང་“འགན་སྲུང་དྲུག”གི་བྱ་བ་ཏན་ཏིག་གིས་སྒྲུབ་པ་དང་། ལས་གཞི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ། དེ་མིན་དཔལ་འབྱོར་འཁོར་རྒྱུག་ལྟ་ཞིབ་ཚད་ལེན་ཤུགས་དྲག་ཏུ་བཏང་སྟེ། བྱ་འགུལ་ཆེ་གྲས་གྲ་སྒྲིག་བྱ་བ་ལེགས་པོར་སྒྲུབ་པ་དང་། དམངས་འཚོའི་འགན་སྲུང་ལ་ཤུགས་སྣོན་བྱས་ཏེ། འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་བྱས་ནས། རང་ཞིང་གི་“ལོ་ལྔའི་འཆར་གཞི་བཅུ་བཞི་བའི”དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་མགོ་ལེགས་པོ་བརྩམས་པ་དང་མཇུག་ལེགས་པོ་ཞིག་སྒྲིལ་བར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན།

ཚོགས་འདུའི་སྟེང་། ལི་ཅེ་ཞང་དང་ཝང་ལི་མིང་། དབྱང་ཧྥིན་ཁྲུན། ལིའུ་ཐའོ། དབྱང་ཀྲི་ཝུན། ལིའུ་ཁྲའོ་བཅས་ཀྱིས་གཏམ་བཤད་གནང་བ་དང་། ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གིས་དག་ཐེར་གནས་ཚུལ་ཡར་ཞུ་བྱས། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།