མཚོ་སྔོན་ཞིང་ཆེན་གྱིས་བསྟུད་མར་ལོ5ལ་མཁར་གྲོང་གི་མ་མཐའི་འཚོ་བའི་འགན་སྲུང་ཚད་གཞི་ཇེ་མཐོར་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་སུ། མཚོ་སྔོན་གྱིས་སྤྱི་ཚོགས་མས་སྐྱོར་འགན་སྲུང་བྱེད་ཤུགས་མུ་མཐུད་དུ་ཆེ་རུ་བཏང་སྟེ། སྤྱི་ཚོགས་རོགས་སྐྱོར་དང་འགན་སྲུང་ཚད་གཞི་དེ་ཟོག་གོང་འཕར་བར་འབྲེལ་བ་ཡོད་པའི་མཉམ་འགུལ་ལམ་ལུགས་འཐུས་ཚང་དུ་བཙུགས་ཏེ། བསྟུད་མར་ལོ5ལ་མཁར་གྲོང་གི་མ་མཐའི་འཚོ་བའི་འགན་སྲུང་ཚད་གཞི་ཇེ་མཐོར་བཏང་།

ལོ་ལྔའི་རིང་། མཚོ་སྔོན་ཞིང་ཆེན་གྱི་ཞིང་སྡེའི་མ་མཐའི་འཚོ་བའི་འགན་སྲུང་གི་ཚད་གཞི་དེ་སྒོར2970ནས་སྒོར4800བར་ཇེ་མཐོར་བཏང་བ་དང་། འཕར་ཚད61.6%ཡིན། མ་མཐའི་འཚོ་བའི་འགན་སྲུང་གི་ཚད་གཞི་བསྟུད་མར་ལོ4ལ་ཞིང་ཆེན་གྱིས་གཏན་འཁེལ་བྱས་པའི་དབུལ་སྐྱོར་ཚད་ཐིག་ལས་བརྒལ། གྲོང་ཁྱེར་གྱི་མ་མཐའི་འཚོ་བའི་འགན་སྲུང་གི་ཚད་གཞི་དེ་མི་རེར་སྒོར400ནས་སྒོར640བར་ཇེ་མཐོར་བཏང་སྟེ་འཕར་ཚད60%ཡིན། དམིགས་བསལ་དཀའ་ཁག་ཡོད་པའི་བདག་སྐྱོང་བྱ་ཡུལ་གྱི་གཞི་རྩའི་འཚོ་བའི་ཚད་གཞི་དེ་ཟླ་རེར་སྒོར600ནས་སྒོར960བར་ཇེ་མཐོར་བཏང་སྟེ། འཕར་ཚད60%ལ་སླེབས། ནུས་ཤོར་མི་སྣ་ཡང་མོ་དང་འབྲིང་ཙམ། ལྗིད་མོ་ཅན་བཅས་ཀྱི་གཉོར་སྐྱོར་མ་དངུལ་སོ་སོར་ཟླ་རེར་སྒོར340རེ་དང་སྒོར510རེ། སྒོར850རེ་བཅས་ལ་སླེབས་ཡོད། གནས་སྐབས་རོགས་སྐྱོར་གྱི་གྲངས་ཚད་མཐོ་ཤོས་དེ་གྲོང་ཁྱེར་གྱི་མ་མཐའི་འཚོ་བའི་འགན་སྲུང་ཚད་གཞིའི་ལྡབ5འཕར་སྣོན་བྱུང་སྟེ། སྤྱི་ཚོགས་རོགས་སྐྱོར་ཆུ་ཚད་མངོན་གསལ་གྱིས་མཐོར་འདེགས་བྱུང་ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།