མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་གིས་དྭངས་ཤིང་གཙང་བའི་ནམ་མཁའ་དང་རི་ཆུར་སྲུང་སྐྱོང་བཟང་པོ་བྱས་ནས་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ངང་ལེགས་བཅོས་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན་ནས་བཟུང་མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་གིས་བྱེད་ཐབས་སྣ་ཚོགས་བརྒྱུད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་པ་རེད། ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་ཆབ་སྲིད་རང་བཞིན་དང་བསམ་བློའི་རང་བཞིན། མཛུབ་ཁྲིད་རང་བཞིན་བཅས་ཤུགས་ཆེན་ལྡན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུ་ནི་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ནས། “ཀྲུང་ཧྭའི་ཆུ་ལྕོག”སྲུང་སྐྱོང་བཟང་པོ་བྱེད་དགོས་པའི་བླང་བྱ་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་པ་དང་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་ནན་གྱིས་འགན་འཁྲི་གཙང་སྒྲུབ་དང་། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པ། ནམ་མཁའ་སྔོ་ཞིང་ཆུ་བོ་དྭངས་ལ།  ས་གཞི་གཙང་བ་བཅས་ལ་སྲུང་སྐྱོང་བཟང་པོ་བྱེད་པ། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་མུ་མཐུད་ལེགས་བཅོས་བྱེད་པ་བཅས་ཀྱི་ཐོག་ནས་ལྗང་མདོག་འཕེལ་རྒྱས་དང་དམངས་འཚོའི་བདེ་སྐྱིད་ཀྱི་འཚོ་བར་སྐུལ་འདེད་བཏང་ནས་སྐྱེ་ཁམས་སྲུང་སྐྱོང་བྱས་ཏེ་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་འགན་འཁྲི་འཁུར་དགོས་པར་ངོས་འཛིན་གནང་།

ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་གིས་སློབ་སྦྱོང་གི་གྲུབ་འབྲས་ནི་ལས་དོན་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་སུ་བསྒྱུར་བར་མཐོང་ཆེན་བྱས་ཏེ། རེས་སྐོར་གཉིས་ཀྱི་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལྟ་ཞིབ་གནད་དོན་དག་ཐེར་བཟང་པོ་བྱེད་པ་དང་། དག་ཐེར་གྱི་དུས་བཀག་བླང་བྱ་གཞིར་བཟུང་སྤྱི་འདོམས་སྙོམས་སྒྲིག་དང་ཞིབ་བཤེར་ཆད་གསབ་ཀྱིས་རང་བྱུང་སྲུང་སྐྱོང་ཁུལ་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྨ་ཆུ་རྒྱུག་ཁུལ་དང་བཟོ་ལས་གླིང་ཁུལ། འཐུང་ཆུའི་འགོ་ཁུངས་སྲུང་སྐྱོང་སོགས་ཀྱི་བྱ་སྤྱོད་མུ་མཐུད་དུ་སྤེལ་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་རྣམ་གྲངས་ལག་བསྟར་བཟང་པོ་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་རྣམ་གྲངས་ལས་དོན་ཚོགས་འདུ་འཚོགས་ནས་རྣམ་གྲངས་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ཆེད་དོན་མ་དངུལ་གྱི་ཕན་འབྲས་ཆེ་ཤོས་འདོན་སྤེལ་བྱེད་དགོས། མུ་རུ་གཏེར་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ལྟ་སྐུལ་དོ་དམ་ལས་དོན་ལ་དམིགས་ནས《མུ་རུ་གཏེར་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལྟ་སྐུལ་དོ་དམ་ལས་དོན་གྱི་གཏན་འབེབས》ལ་ཞིབ་འཇུག་བྱས་ནས། མུ་རུ་གཏེར་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་ས་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་བདེ་འཇགས་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ།

དེ་དང་ཆབས་ཅིག“གནམ་ས་གཞི་གཅིག་ཅན་དང་། གོང་འོག་མཉམ་ལས། ཆ་འཕྲིན་མཉམ་སྤྱོད”བཅས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་ལྟ་ཞིབ་ཚད་ལེན་དྲ་བ་སྔར་ལས་འཐུས་ཚང་དུ་བཏང་ནས། ཁོར་ཡུག་གི་སྤུས་ཚད་དང་གཙོ་གནད་སྦགས་བཙོག་འབྱུང་ཁུངས། སྐྱེ་ཁམས་གནས་ཚུལ་བཅས་ལ་ལྟ་ཞིབ་ཚད་ལེན་བྱེད་པ་ཁྱོན་ཡོངས་ལ་ཁྱབ་པ་བྱེད་དགོས། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་པའི་ལས་དོན་བཟང་པོ་སྒྲུབ་པ་དང་། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་གཏིང་ཟབ་རྒྱག་པ་དང་དབྱང་གཉིས་ཐཱན་རྫས་ཕྱིར་འབུད་ཀྱི་འགུལ་སྐྱོད་ལ་སྤྱི་འདོམས་དང་་སྐུལ་འདེད་གཏོང་བ། “དྲུག་ལྔའི་ཁོར་ཡུག་ཉིན་མོའི”རྒྱལ་ཁབ་ཀྱི་ཚོགས་ར་གཙོ་བོའི་བྱེད་སྒོ་གྲ་སྒྲིག་བཟང་པོ་དང་། མགོ་འཛུགས་ས་མཐོ་པོས་འཆར་འགོད་བྱེད་པ་དང་ཚད་གཞི་མཐོ་པོས་དོན་འཁྱོལ། མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་གྱི་གྲུབ་འབྲས་ཕྱོགས་ཡོངས་ནས་དྲིལ་བསྒྲགས་བཟང་པོ་བཅས་བྱེད་དགོས། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།