མཚོ་སྔོན་ཞིང་ཆེན་ཏང་ཨུ་རྩ་འཛུགས་པུའུ་ཡིས2020ལོའི་མགོ་ཁྲིད་འདེམས་བསྐོ་དང་བཀོལ་སྤྱོད་བྱེད་པའི་ཆེད་དོན་ཞིབ་བཤེར་གནས་ཚུལ་བརྡ་ཁྱབ་བཏང་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་མཚོ་སྔོན་ཞིང་ཆེན་ཏང་ཨུ་རྩ་འཛུགས་པུའུ་ཡིས《2020ལོའི་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་མགོ་ཁྲིད་འདེམས་བསྐོ་དང་བཀོལ་སྤྱོད་བྱེད་པའི་ཆེད་དོན་ཞིབ་བཤེར་གནས་ཚུལ་དང་ཟུང་འབྲེལ་བྱས་པའི་སྐོར་གྱི་བརྡ་ཁྱབ》དཔར་འགྲེམ་བྱས་ནས། 2020ལོའི་སྐབས་སྐབས་བཅུ་གསུམ་པའི་ཞིང་ཆེན་ཏང་ཨུའི་རེས་སྐོར་བདུན་པ་དང་བརྒྱད་པར་སྐོར་ཞིབ་བྱས་པའི་ལས་ཁུངས་དང་ས་ཁུལ30ལ་མི་སྣ་འདེམས་སྤྱོད་བྱེད་པའི་ཁྲོད་འབུར་དུ་ཐོན་པའི་གནད་དོན་ལ་མིང་བཏོན་ནས་བརྡ་ཁྱབ་བཏང་།

《བརྡ་ཁྱབ》ནང་སྐོར་ཞིབ་བྱ་ཡུལ་ལས་ཁུངས་དང་ས་ཁུལ་ཏང་ཨུ(ཏང་ཙུའུ)དང་དེའི་རྩ་འཛུགས་མི་དོན་སྡེ་ཁག་གིས་ཏང་གིས་ལས་བྱེད་པར་དོ་དམ་བྱེད་པའི་རྩ་དོན་དང་དུས་སྐབས་གསར་པའི་ལས་བྱེད་པ་བཟང་པོའི་ཚད་གཞི་མཐའ་འཁྱོངས་ཀྱིས་ལས་བྱེད་པ་གདམ་གསེས་བསྐོ་བཞག་བཀོལ་སྤྱོད་བྱེད་པ་དང་། ཡང་དག་པར་མགོ་ཁྲིད་བཀོལ་སྤྱོད་བྱེད་པའི་སྟོན་ཕྱོགས་འཛུགས་པ། འདེམས་སྒྲུག་བསྐོ་བཞག་བཀོལ་སྤྱོད་ཀྱི་གོ་རིམ་རྒྱུན་ཆད་མེད་པར་ཚད་ལྡན་དུ་གཏོང་བ། བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་ཆེན་པོས་སྐུལ་འདེད་་གཏོང་བ་བཅས་བྱས་ནས་བྱ་གཞག་འཕེལ་རྒྱས་གཏོང་ཆེད་སྲ་ཞིང་བརྟན་པའི་རྩ་འཛུགས་ཀྱི་འགན་ལེན་བྱས། འོན་ཀྱང་ཕྱོགས་ཡོངས་ནས་ནན་ཏན་གྱིས་ཏང་སྐྱོང་བའི་བླང་བྱ་གཞིར་བཟུང་།《ཏང་སྲིད་མགོ་ཁྲིད་ལས་བྱེད་པ་གདམ་གསེས་བཀོལ་སྤྱོད་ཀྱི་ལས་དོན་སྲོལ་ཡིག》དང་ལས་བྱེད་པའི་མི་དོན་སྲིད་ཇུས་ཀྱི་གཏན་འབེབས་ལ་ཞིབ་བསྡུར་བྱས་ཏེ། ཞིབ་བཤེར་བྱ་ཡུལ་ས་ཁུལ་དང་ལས་ཁུངས་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་གི་ཞན་ཆའི་ཐད་སྤྱི་འདོམས་ཇུས་འགོད་དང་། ལས་བྱེད་པ་འདེམས་བསྐོའི་བརྒྱུད་རིམ་ཚད་ལྡན་མིན་པ། ལས་བྱེད་པའི་མི་དོན་ལམ་ལུགས་ལག་བསྟར་གནད་ལ་མི་འཁེལ་བ། གོ་གནས་འཁུར་བའི་ལས་བྱེད་པའི་ལོ་ཚད་སྒྲིག་འགལ་ངང་གནས་སྤོར་བྱེད་པ། ལས་བྱེད་པའི་རྒྱུན་གཏན་གྱི་དོ་དམ་ལྟ་སྐུལ་དང་ལས་བྱེད་པའི་མི་དོན་ཡིག་ཚགས་དོ་དམ་ནན་མོ་མི་བྱེད་པ་བཅས་ཕྱོགས6གི་གནད་དོན22སྔར་བཞིན་གནས་ཡོད་པས། འབྲེལ་ཡོད་ལས་ཁུངས་དང་ས་ཁུལ་གྱི་མཐོང་ཆེན་བྱས་ཏེ། དོན་དངོས་ཀྱིས་ལེགས་སྒྲིག་བྱེད་དགོས་པར་བསྟན། 

《བརྡ་ཁྱབ》ནང་ས་ཁུལ་སོ་སོའི་སྡེ་ཁག་དང་། ལས་ཁུངས་སོ་སོ་བཅས་ཀྱིས་བརྡ་ཁྱབ་བཏང་བའི་གནད་དོན་ལ་དམིགས་ནས་གཅིག་ཤེས་ཀུན་གྲོལ་དང་། དུས་ཐོག་ཏུ་བསླབ་བྱ་ལེན་པ། དུས་ཐོག་ཏུ་ཡོ་བསྲང་བཅས་བྱས་ཏེ་འབྱུང་རྩ་ནས་གཅིག་མཚུངས་སམ་ཡང་ན་རིགས་འདྲ་བའི་གནད་དོན་ཡང་ཡང་མི་ཐོན་པ་བྱེད་དགོས།《ཏང་སྲིད་འམགོ་ཁྲིད་ལས་བྱེད་པ་འདེམས་སྒྲུག་བསྐོ་བཞག་བཀོལ་སྤྱོད་བྱ་བའི་སྲོལ་ཡིག》དང་།《ལས་བྱེད་པ་འདེམས་སྒྲུག་བསྐོ་བཞག་བཀོལ་སྤྱོད་བྱ་བར་ལྟ་སྐུལ་ཞིབ་བཤེར་དང་འགན་འཁྲི་བདའ་འདེད་བྱེད་ཐབས》བཅས་ལ་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་དགོས། ཕྱོགས་བསྡུས་ཀྱིས་དབྱེ་ཞིབ་དང་ཞིབ་འཇུག་བརྡར་གཅོད་དང་། ལས་བྱེད་པ་ལས་གནས་མ་བསྐོས་གོང་གི་ཞིབ་བཤེར་གཏན་འབེབས། ལས་གནས་མ་བསྐོས་གོང་གི་དོན་དག་སྙན་ཞུ་སོགས་ཀྱི་བྱ་བ་མ་སྒྲུབ་གོང་གི་གནད་འགག་དམ་འཛིན་བྱེད་ཤུགས་ཆེ་རུ་གཏོང་པ། “ངེས་པར་འདོན་དགོས་པ་བཞི”དང་སྲིད་དོན་གཙང་སྐྱོང་གི་བསམ་འཆར་ལ“མིང་རྟགས་གཉིས་འགོད་པ།” བརྒྱུད་རིམ་ཧྲིལ་བོའི་དངོས་བྲིས་སོགས་བྱ་བའི་ཁྲོད་ཀྱི་གནད་འགག་དམ་འཛིན་བྱེད་ཐབས་དོན་འཁྱོལ་བྱེད་པ། “སྙན་ཞུ་གཅིག་དང་དཔྱད་གླེང་གཉིས”དང་། ལས་བྱེད་པ“སྐྱོན་ཡོད་གནས་སྤར”ལྡོག་བཤེར། གནད་དོན་ཞིབ་བཤེར་སོགས་བྱས་རྗེས་ཀྱི་ལྟ་སྐུལ་བྱེད་ཐབས་ལེགས་པར་སྤྱོད་པ། ཡིག་ཚགས་རྫུན་བཟོ་དང་། “རྗེན་དཔོན”སྒྲིག་འགལ་འགན་གཅིག་ལྕོགས་སུ་འཁུར་བའི་གནད་དོན་གྱི་ཆེད་དོན་བཅོས་སྒྲིག་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། ཞིབ་བཤེར་ནན་མོ་དང་ནན་ཏན་གྱིས་ལྟ་སྐུལ་ནུས་ལྡན་བྱ་རྒྱུ་ནི་མགོ་ཁྲིད་འདེམས་བསྐོ་དང་བཀོལ་སྤྱོད་བྱེད་པའི་བརྒྱུད་རིམ་ཧྲིལ་བོར་ཁྱབ་པར་བྱེད་པ་དང་། ཚུལ་མིན་སྤྱོད་ཡན་བཀག་འགོག་མཐའ་གཅིག་ཏུ་བྱེད་པ། ཞིང་ཆེན་ཡོངས་ཀྱི་སྤྱོད་བཟང་གཞུང་དྲང་གི་མགོ་ཁྲིད་འདེམས་བསྐོ་དང་བཀོལ་སྤྱོད་བྱེད་པའི་ཁོར་ཡུག་ལ་སྔར་ལས་སྲུང་སྐྱོང་དང་སྲ་བརྟན་དུ་གཏོང་དགོས་པར་ནན་གྱིས་བསྟན། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།