ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས30ཉིན། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་རྨ་ལྷ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་དུ“མཐོ་སྒང་ཟིལ་གནོན2021”ས་འགུལ་ཚབས་ཆེན་གྱི་ཁོངས་བརྒལ་ཕྱོགས་བསྡུས་སྦྱོང་བརྡར་སྤེལ་བ་རེད། མཚོ་སྔོན་ཞིང་ཆེན་གྱི་མེ་གསོད་སྐྱོབ་བཅོས་མི་སྣ700ཐེངས་འདིའི་སྦྱོང་བརྡར་ནང་དུ་ཞུགས་ཡོད་པ་དང་། རྣམ་པ་མི་འདྲ་བ4ཡི་དངོས་འཐབ་སྐྱོབ་བཅོས་རིག་ཚན15བཀོད་སྒྲིག་བྱས་ཡོད་ལ། རི་ཀླུང་དང་བཞུར་ཆུ། འདེགས་གཏད་འགག་གཏོར་སྐྱོབ་བཅོས་བཅས་རིག་ཚན་ཁག3བཀོད་སྒྲིག་བྱས་ཡོད། ཐོག་དང་པོར་སྐམ་ས་དང་ཆུ་ནང་། མཁའ་དབྱིངས་བཅས་གཞི་གཅིག་ཅན་གྱི་མྱུར་སྐྱོབ་བཀོད་འདོམས་དངོས་སྦྱོང་སྦྱོང་བརྡར་བྱས་པ། །
རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།
མཚོ་སྔོན་མེ་གསོད་སྡེ་ཁག་གིས་ཐོག་དང་པོར་སྐམ་མཚོ་མཁའ་གསུམ་ནས་སྦྱོང་བརྡར་སྤེལ་བ།