ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ན་གོར་མོ་གནམ་གྲུ་ཐང2017ལོར་རྒྱ་བསྐྱེད་རྣམ་གྲངས་ལག་བསྟར་བྱས་པ་ནས་བཟུང་། མཁའ་ལམ་སྐྱེལ་འདྲེན་ལོ3ལ་བསྟུད་མར་མགྱོགས་མྱུར་ངང་འཕེལ་རྒྱས་སུ་ཕྱིན་ཡོད། གནམ་གྲུ་ཐང་དེ་ཡང་མཚོ་སྔོན་ཞིང་ཆེན་གྱི་ཤར་གཏོང་བྱུང་བའི་གྲོང་ཁྱེར་ཆེས་མང་བའི་ཡན་ལག་གནམ་གྲུ་ཐང་ཡིན་པ་མ་ཟད། 2020ལོའི་རིམས་ནད་བྱུང་སྐབས་ཆེས་ཐོག་མར་སླར་གསོ་འཕར་སྣོན་བྱུང་བ་མངོན་འགྱུར་བྱུས་པའི་གནམ་གྲུ་ཐང་ཐོག་མའང་རེད། ད་ལོའི་འགྲུལ་བ་སྐྱེལ་འདྲེན་བྱེད་ཚད་སྔོན་དཔག་བྱས་ན་མི་ཐེངས་ཁྲི30བརྒལ་རྒྱུ་ཡིན་པ་དང་། མིག་སྔར། ན་གོར་མོ་གནམ་གྲུ་ཐང་དུ་མཁའ་ལམ8ཡོད་པ་དང་། དེ་དག་ནི་ཟི་ལིང་དང་ཁྲིན་ཏུའུ། ཀྲིན་ཀྲུའུ། ཞི་ཨན། ལྷ་ས། ཧང་ཀྲུའུ། ཧ་ཐུའུ་གུའུ་བཅས་ཡིན། གཟའ་རེར་དུས་གཏན་གནམ་གྲུ72ཡོད་པ་དང་། མཁའ་ལམ་མ་ལག་མུ་མཐུད་འཐུས་ཚང་དུ་འགྲོ་བཞིན་ཡོད།
བོད་ལྗོངས་མཁའ་འགྲུལ་ཚོང་གཉེར་ཨུ་ཡོན་ལྷན་ཁང་གི་སྤྱི་གཉེར་བ་ཝང་ཡི་རེ་ཡིས་ངོ་སྤྲོད་བྱས་པ་ལྟར་ན། ཐེངས་འདིར་ཤར་གཏོང་བྱུང་བའི་བུན་ཀྲུའུ་ནས་ཟི་ལིང་། དེ་ནས་ན་གོར་མོ་བར་གྱི་མཁའ་ལམ་དེའི་མཁའ་འགྲུལ་རྟགསTV6021/6022ཡིན་ལ། མཁའ་སྐྱོད་གནམ་གྲུA319འཕུར་བཞིན་ཡོད། རེས་གཟའ་མིག་དམར་དང་ཕུར་བུ། སྤེན་པ་ལ་གནམ་གྲུ་ཐེངས་གཅིག་རེ་ཡོད།
མཚོ་སྔོན་ནི་ཀྲེ་ཅང་ཞིང་ཆེན་གྱི་ཁ་གཏད་རོགས་སྐྱོར་བྱ་ཡུལ་གྱི་ཞིང་ཆེན་ཡིན་ལ། ན་གོར་མོ་ཡང་བུན་ཀྲུའུ་ཡི་ཁ་གཏད་རོགས་སྐྱོར་བྱ་ཡུལ་གྱི་གྲོང་ཁྱེར་ཡིན། བོད་ལྗོངས་མཁའ་འགྲུལ་གྱིས་མཁའ་ལམ་འདི་ཤར་གཏོང་བྱུང་བ་དེས་ན་གོར་མོ་དང་བུན་ཀྲུའུ་བར་འབྲེལ་ཐག་བསྐྲུན་པ་མ་ཟད། ས་གནས་དེ་གཉིས་བར་འགྲོ་སྐྱོད་བྱེད་པའི་དུས་ཚོད་ཇེ་ཉུང་དུ་བཏང་ཡོད། ཁ་གཏད་རོགས་སྐྱོར་གྱི་བྱ་བ་སྤེལ་བ་དང་ས་ཆ་གཉིས་ཀྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས་དང་ཡུལ་སྐོར་ལས་རིགས་ཀྱི་འབྲེལ་འདྲིས་དང་འཕེལ་རྒྱས་ལ་སྔར་བས་སྟབས་བདེ་བ་དང་བདེ་འཇགས། ཕན་ནུས་མཐོ་བའི་འགྲོ་སྐྱོད་མཁོ་འདོན་བྱས་ཡོད། །
རྩོམ་སྒྲིག་པ། ཚེ་རིང་དོན་འགྲུབ།
ན་གོར་མོ་ནས་ཀྲེ་ཅང་བུན་ཀྲུའུ་བར་གྱི་མཁའ་ལམ་དངོས་སུ་ཤར་གཏོང་བྱས།