ཞིན་ཁྲང་ཞིང་གིས་མཚོ་ཤར་གྲོང་ཁྱེར་དུ་གཙོ་གནད་རྣམ་གྲངས་ཀྱི་ལས་མགོ་བསྐྱར་འཛུགས་དང་ཐོན་ལས་འཕེལ་རྒྱས་ལ་རྟོག་ཞིབ་གནང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས30ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་མཚོ་ཤར་གྲོང་ཁྱེར་དུ་གཙོ་གནད་རྣམ་གྲངས་ལས་མགོ་བསྐྱར་འཛུགས་དང་ཐོན་ལས་འཕེལ་རྒྱས་ལ་རྟོག་ཞིབ་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ནས་བློ་བརྟན་འགྱུར་མེད་ངང“བརྟན་བརླིང་དྲུག”གི་ལས་དོན་ལེགས་པར་སྒྲུབ་པ་དང་། “འགན་ལེན་དྲུག”གི་ལས་འགན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེན་པོའི་ཐོག་ནས་རྣམ་གྲངས་འཛུགས་སྐྲུན་དང་ཐོན་ལས་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས། “ལོ་ལྔའི་འཆར་འཞི་བཅུ་བཞི་པའི”མགོ་ཡག་པོ་འཛུགས་དགོས་ཞེས་ནན་གྱིས་བསྟན།

རྣམ་པ་བསྒྱུར་བ་དང་ནང་མཁོ་རྒྱ་སྐྱེད། དམངས་འཚོ་འགན་ལེན་བཅས་ཀྱི་རྐང་འཛིན་འདེགས་སྐྱོར་རྣམ་གྲངས་གལ་ཆེན་དོན་འཁྱོལ་དང་ལག་བསྟར་བྱེད་པར་ནུས་པ་ལྡན་པའི་སྐུལ་འདེད་གཏོང་ཆེད། ད་ལོར་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་རིམ་པའི་འམགོ་ཁྲིད་ཀྱིས་རྣམ་གྲངས་གལ་ཆེན་ལ་མཉམ་འབྲེལ་སྐུལ་འདེད་གཏོང་བའི་བྱ་བའི་ལམ་སྲོལ་བཙུགས་པ་དང་འཐུས་ཚང་དུ་བཏང་། འགན་གཙང་ལེན་འབྲེལ་འདྲིས་རྣམ་གྲངས་ཏེ་ཟི་ལིང་ཚའོ་ཅ་པའོ་གནམ་གྲུ་ཐང་གི་དུས་ཐེངས་གསུམ་པའི་རྒྱས་སྐྲུན་རྣམ་གྲངས་འཛུགས་སྐྲུན་བྱ་ཡུལ་དུ་ཕྱིན་ནས་ཞིན་ཁྲང་ཞིང་གིས་རྣམ་གྲངས་ཀྱི་འཕེལ་རིམ་དང་རྒྱུ་རྐྱེན་གཙོ་བོའི་འགན་ལེན། དཀའ་ངལ་གྱི་གནད་དོན་བཅས་ལ་རྒྱུས་ལོན་ཞིབ་ཕྲ་གནང་རྗེས། ཁོང་གིས་མཚོ་སྔོན་ནི་ས་མཐོར་གནས་པ་དང་གནམ་གྲུ་ཐང་ནི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་གཏོང་བ་དང་མང་ཚོགས་ཕྱིར་སྐྱོད་དཀའ་བའི་གནད་དོན་ཐག་གཅོད་བྱེད་པའི་རྨང་གཞིའི་སྒྲིག་བཀོད་གལ་ཆེན་ཞིག་ཡིན། “རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་དང་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་འཛུགས་པར”ཞབས་འདེགས་ཞུ་བའི་དམིགས་ཚད་ལས་འགན་དུ་བཟུང་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཀྱི་འཐབ་ཇུས་མཐོ་ཚད་ཀྱི་ལངས་ཕྱོགས་ནས་འགྲེང་ཏེ། རྣམ་གྲངས་འཛུགས་སྐྲུན་དུས་ཚོད་དང་དམིགས་ཚད་ཀྱི་བླང་བྱ་གཞིར་བཟུང་ནུས་པ་ཆེ་ལ། གོ་རིམ་ལྡན་པ། བརྟན་འཇགས་ཀྱིས་སྐུལ་འདེད་གཏོང་བར་ཁག་ཐེག་བྱེད་དགོས། བདེ་འཇགས་ཁོར་ཡུག་སྲུང་སྐྱོང་གི་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ནས་ས་རྡུལ་གྱི་སྦགས་བཙོག་ཚོད་འཛིན་བཟང་པོ་བྱེད་པ་དང་མཐའ་འཁོར་གྱི་འགྲིམ་འགྲུལ་འཁོར་རྒྱུག་ལ་ཤུགས་རྐྱེན་ཐེབས་ཤུགས་ཇེ་ཆུང་དུ་གཏོང་གང་ཐུབ་བྱས་ཏེ། མཚོ་བོད་ས་མཐོའི་མཚོན་རྟགས་རང་བཞིན་གྱི་བཟོ་སྐྲུན་ཧུར་ཐག་གིས་འཛུགས་སྐྲུན་བྱེད་དགོས་ཞེས་ནན་གྱིས་བསྟན། 

མཚོ་སྔོན་ཞིང་ནགས་ཕྱུགས་གསུམ་གྱི་ཚོང་ཟོག་ཉོ་ཚོང་ལྟེ་གནས་སུ་ཞིན་ཁྲང་ཞིང་གིས་འབྲེལ་ཡོད་འགན་འཁུར་བའི་གནས་ཚུལ་ངོ་སྤྲོད་ལ་གསན་རྗེས། མཚོ་སྔོན་གྱི་ཞིང་ཕྱུགས་ཐོན་རྫས་ཀྱི་ལེགས་ཆ་དེ་གྲངས་ཀ་མིན་ལ་སྤུས་ཚད་ཡིན་པས། ནས་དང་འབྲི་གཡག་སོགས་ཀྱི་ཐོན་ཁུངས་ལ་བརྟེན་ནས་བྱེད་ནུས་རང་བཞིན་ལྡན་པའི་ཟས་རིགས་གསར་སྤེལ་ལ་མཐོང་ཆེན་བྱེད་པ་དང་། བརྒྱུད་རིམ་ཧྲིལ་བོའི་སྤུས་ཚད་དོ་དམ་མཐའ་འཁྱོངས་བྱེད་པ། “ཟས་རིགས་བདེ་འཇགས”སྲུང་སྐྱོང་བཟང་པོ་བྱེད་པ། “མཚོ་སྔོན་ཨང་ཡིག”གི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་སྤུས་རྟགས་སྟོབས་ཆེར་གཏོང་བ་བཅས་བྱེད་དགོས་པར་བསྟན།

ཉིན་དེར་ཞིན་ཁྲང་ཞིང་གིས་ད་དུང་འགྲིམ་འགྲུལ་རྣམ་གྲངས་ཀྱི་འཆར་འགོད་གནས་ཚུལ་ལ་རྟོག་ཞིབ་གནང་། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།