ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པས་སྒྲོག་འགྲེལ་བྱེད་མགོ་བརྩམས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས30ཉིན།  ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པས་ཞིང་ཆེན་ཏང་ཨུའི་གཞུང་ལས་ཐིང་དུ་སྒྲོག་འགྲེལ་ཐོག་མ་སྤེལ་བ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཐུན་མོང་གི་སྒྲོག་འགྲེལ་བྱེད་མགོ་བརྩམས།  ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པས་ཚོགས་མི་དང་ཞིང་ཆེན་ཏང་ཨའིུ་ཞིབ་འཇུག་ཁང་གི་ཀྲུའུ་རིན་ཡན་ཀའོ་ཀུའོ་ཡིས་སྒྲོག་འགྲེལ་སྙན་ཞུ་ཕུལ་ཞིང་།  ཞིང་ཆེན་ཏང་ཨུའི་གཞུང་ལས་ཐིང་ལྟེ་གནས་ཚན་ཆུང་གི་ཚོགས་མི་དང་ཐིང་རིམ་པའི་ལས་ཁུངས་ཀྱི་ཏང་མི་ལས་བྱེད་ཡོངས།   དོ་དམ་ལས་ཁུངས་ཀྱི་ཁྲུའུ་གཞོན་པ་ཡན་གྱི་ཏང་མི་རྣམས་ཀྱིས་སྒྲོལ་འགྲེལ་སྙན་ཞུར་ཉན།

ཡན་ཀའོ་ཀུའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་ལོ་རྒྱུས་སྐོར་གྱི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་མཐར་ཕྱིན་བྱེད་པ་དང་གོ་བ་ཟབ་མོ་ལོན་པར་དམིགས་ཏེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་།  ཏང་གི་ལོ་རྒྱུས་རྨང་གཞིའི་བརྩམས་ཆོས་དག་ནན་ཏན་གྱིས་ཞིབ་འཇུག་དང་ཀློག་འདོན་བྱས་ནས།  ཕྱོགས་ཡོངས་ནས་ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་འབད་འཐབ་བྱས་པའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་བགྲོད་ལམ་དང་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་བྱས་རྗེས་ལ་རྒྱུས་ལོན་བྱས་ཤིང་།  ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བའི་གཙོ་གནད་རང་བཞིན་ཁོང་དུ་ཆུད་དགོས།   ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་དགོས་ན་བློ་མཐུན་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་མཐར་ཕྱིན་བྱས་ཏེ་ཏང་གི་ལོ་རྒྱུས་ཀྱི་དོན་རྟོགས་པ་དང་ལག་བསྟར་བྱས་ནས།  འདུ་ཤེས་བཞི་མཐོ་རུ་གཏོང་བ་དང་ཡིད་ཆེས་བཞི་སྲ་བརྟན་དུ་བཏང་སྟེ་སྲུང་སྐྱོང་གཉིས་སྒྲུབ་ཐུབ་པ་བཅས་བྱས་ནས།  ཞིང་ཆེན་ཏང་ཨུའི་གཞུང་ལས་ཐིང་གི་ལས་བྱེད་ཡོངས་ལ་མོ་མཚར་ཆེ་བའི་ཆེད་དོན་ཟུར་ཁྲིད་ཅིག་བྱས།

ཚང་མས་སྒྲོག་འགྲེལ་སྙན་ཞུའི་ནང་དོན་ཁ་གསལ་ཞིང་གསོན་ཉམས་དོད་པ།  གཏིང་ཟབ་ཅིང་གོ་སླ་བ་ཞིག་ཡིན་པར་མ་ཟད།  ཀྲུང་གོ་གུང་ཁྲན་ཏང་གི་འོད་སྟོང་འཕྲོ་བའི་ལོ་རྒྱུས་གླེང་བ་དང་ཀྲུང་གོ་གུང་ཁྲན་ཏང་གི་མཚོ་སྔོན་གྱི་ལོ་རྒྱུས་དང་རིགས་གཞུང་རང་བཞིན་ལྡན་ལ།  མཚོ་སྔོན་གྱི་ཁྱད་ཆོས་ལྡན་པས་མི་རྣམས་ཀྱི་བློ་སྒོ་ཕྱེ་ལ་སློབ་གསོ་ཆེན་པོ་ཐོབ་ཡོད།  ཚང་མས་ཐེངས་འདིའི་སྒྲོག་འགྲེལ་སྙན་ཞུ་དང་ཟུང་འབྲེལ་བྱས་ཏེ་ལེགས་ཆ་འདོན་སྤེལ་དང་བབ་བསྟུན་འཕྲལ་སྒྲུབ་བྱས་ནས་ཚད་མཐོའི་ཆབ་སྲིད་ཀྱི་རང་རྟོགས་ལ་བརྟེན་ནས་སློབ་སྦྱོང་སློབ་གསོ་དམ་འཛིན་ཡག་པོ་བྱས་ཏེ།  ཏང་གི་ལོ་རྒྱུས་སློབ་སྦྱོང་ཡག་པོ་དང་ཕྱོགས་སྡོམ་ཡག་པོ་བྱས་ནས་ཏང་གི་གཡུར་ཟའི་ཉམས་མྱོང་རྒྱུན་འཛིན་ཡག་པོ་དང་དར་སྤེལ་ཡག་པོ་གཏོང་རྒྱུ་ཡིན་ཞེས་བཤད།

ཚོགས་འདུ་གྲོལ་རྗེས་ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིང་གིས་ཏང་ཡོན་ལས་བྱེད་པ་རྩ་འཛུགས་བྱས་ཏེ་མཚོ་སྔོན་གྱི་ཏང་གི་ལོ་རྒྱུས་སློབ་གསོའི་འགྲེམ་སྟོན་ཁང་དུ་ལྟ་སྐོར་བྱས་པ་དང་།  ཡུལ་དངོས་ནས་ལྟ་སྐོར་དང་ཉན་པ་བརྒྱུད་དེ་སྒྲོག་འགྲེལ་སྙན་ཞུར་རྒྱུས་ལོན་ཟབ་མོ་བྱས་པ་དང་སེམས་བློར་སྦྱོང་བརྡར་ཐེངས་གཅིག་དང་ལེན་བྱས།  །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།