ཟི་ལིང་གྲོང་ཁྱེར་གྱིས“གཡུལ་འཐབ་ཁག་བརྒྱད”ལ་བརྟེན་ནས་ཁོར་ཡུག་སྤུས་ཚད་རྒྱུན་མཐུད་ངང་ཇེ་ལེགས་སུ་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ3པའི་ཚེས26ཉིན།  གསར་འགོད་པས་ཟི་ལིང་གྲོང་ཁྱེར་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་བྱ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་སྟེང་རྒྱུས་ལོན་པ་ལྟར་ན།   “ལྗང་མདོག་མཐོ་སྒང”དང“དགུང་སྔོན་ཟི་ལིང”།  “ཆུ་བོ་དང་མཚེའི་སྔོན་མོ”སོགས་ཀྱི་འཛུགས་སྐྱོང་བྱ་འགུལ་སྤེལ་ཏེ།  ཆུ་དང་མཁའ་དབུགས།  ས་གཤིས་སོགས་ལོ་རེའི་བྱ་འགུལ་འཆར་གཞི་བཟོས་པ་དང་ཕྱོགས་ཡོངས་ནས་སྦགས་བཙོག་འགོག་བཅོས་འགག་སྒྲོལ་བྱེད་ཐབས་བརྒྱད་ཀྱི་མཚོན་རྟགས་རང་བཞིན་གྱི་ལས་དོན་སྤེལ་བ་དང་སྔོན་རྩིས་ཕན་འབྲས་ཐོབ་ཡོད། 

ཟི་ལིང་གྲོང་ཁྱེར་གྱིས་ནུས་ཤུགས་ཡོད་རྒུ་བཏོན་ནས་གནམ་སྔོན་སྲུང་བའི་གཡུལ་འཐབ་དང་སྦགས་བཙོག་ཆུའི་བཅོས་སྐྱོང་འགག་སྒྲོལ་གཡུལ་འཐབ།  འཐུང་ཆུའི་ཆུ་ཁུངས་སྲུང་སྐྱོང་འགག་སྒྲོལ་གཡུལ་འཐབ།  ས་གཤིས་བཟང་བོའི་སྲུང་སྐྱོང་གཡུལ་འཐབ།  ཞིང་གྲོང་མི་སྡོད་ཁོར་ཡུག་བཅོས་སྒྲིག་འགག་སྒྲོལ་གཡུལ་འཐབ།  ཞིང་སྡེ་ཞིང་ལས་སྦགག་བཙོག་འགོོག་བཅོས་གཡུལ་འཐབ།  བློས་བཏང་བའི་གཏེར་ཁུངས་ཁོར་ཡུག་གི་བཅོས་སྒྲིག་གཡུལ་འཐབ།  རང་བྱུང་སྲུང་སྐྱོང་ཁུལ་ཆེད་དོན་ཞིབ་བཤེར་བཅོས་བསྒྱུར་གཡུལ་འཐབ་སོགས་གཡུལ་ཐབས་ཁག་བརྒྱད་ལེགས་པོར་སྤེལ་ཏེ 2020ལོར་ཟི་ལིང་གྲོང་ཁྱེར་གྱི་སྤུས་ཚད་མཐོ་བའི་མཁའ་དབུགས་ལེགས་པོའི་ཚད87.3%ཡིན་པ་དང2015ལོ་དང་བསྡུར་ན9.8%ཇེ་མཐོ་རུ་ཕྱིན་ཡོད་ལ།  སྤུས་ཚད་མཐོ་བའི་མཁའ་དབུགས་ལེགས་པའི་ཚད་བསྟུད་མར་ལོ་ལྔ་ཡི་རིང་ནུབ་བྱང་ཞིང་ཆེན་ལྟེ་གནས་གྲོང་ཁྱེར་གྱི་མདུན་གྲལ་དུ་སླེབས་ཡོད།  གྲོང་ཁྱེར་ཡོངས་འཛུགས་སྐྲུན་བྱས་པའི་སྦགས་བཙོག་ཆུ་མེད་པར་གཏོང་བའི་ཚད100%ཡིན་པ་དང་།  ཡུན་རིང་གཙང་སེལ་བྱེད་པའི་རྒྱུན་རྣམ་རང་བཞིན་གྱི་དོ་དམ་དམིགས་འབེན་དུ་གྱུར་ཡོད།  ཏུན་སྟོང་མི་ཁྲིའི་ཆུ་ཁུངས་ས་ཁུལ་གྱི་ཁོར་ཡུག་གནད་དོན58ཀྱི་དག་ཐེར་ཡོ་བསྲང་གི་ཨང་རྟགས་མེད་པར་བཟོས་ཏེ།  རྒྱལ་ཁབ་ཞིང་ཆེན8ཀྱི་ཆུ་སྤུས་ལེགས་པའི་ཚད་དང་ཆུའི་ནུས་ཁངས་གཙོ་བོའི་ཆུའི་སྤུས་ཚད་ཕལ་ཆེར100%སླེབས་ཤིང་།  འགག་སྒོ་བརྒལ་བའི་ཆུ་སྤུས་ཚདⅣརིགས་ཀྱི་ཆུ་སྤུས་ལ་སླེབས་ཡོད།

ད་ལོར་ཟི་ལིང་གྲོང་ཁྱེར་གྱིས་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་དང་མ་ལག་བཅོས་སྒྲིག  ཆུ་ཁུངས་བཅོས་སྒྲིག་བཅས་བྱས་ཏེ།  སྔར་ལས་ལྷག་པའི་སྒོ་ནས་ཞིབ་ཚགས་རང་བཞིན་དང་ཚན་རིག་རང་བཞིན་གྱི་སྦགས་བཙོག་འགོག་པའི་བྱེད་ཐབས་སྤྱད་ནས།  ཧུར་ཐག་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལས་དོན་མ་མཐུད་དུ་མདུན་བསྐྱོད་བྱེད་པར་སྐུལ་མ་བཏང་།  །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།