རྨ་ཆུའི་འབྱུང་ཡུལ་དུ་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་སྣང་ཚུལ་མངོན།

1.jpg

རྨ་ཆུའི་འབྱུང་ཡུལ་གྱི་འདབ་ཆགས།

2.jpg

རྨ་ཆུའི་འབྱུང་ཡུལ་གྱི་རྐྱང་ཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཚེས30ཉིན་རྨ་ཆུའི་འབྱུང་ཡུལ་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་སྟོད་རྫོང་ཨུ་དྲིལ་བསྒྲགས་པུའུ་ནས་རྒྱུས་ལོན་པ་ལྟར་ན། ཉེ་ཆར་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་རྨ་ཆུའི་འབྱུལ་ཁུལ་གྱི་དོ་དམ་ཨུ་ཡོན་ལྷན་ཁང་གི་ལས་དོན་མི་སྣ་དང་སྐྱེ་ཁམས་བདག་སྐྱོང་མི་སྣས་རྒྱུན་ལྡན་གྱི་ལས་དོན་སྤེལ་བའི་སྐབས་སུ་ཐེངས་མང་པོར་བྱ་གག་དང་རྐྱང་། གཙོད་བཅས་ཀྱི་ཁྱུ་ཚོགས་རྒྱལ་ཁབ་གཙོ་གནད་སྲུང་སྐྱོང་རི་སྐྱེས་སྲོག་ཆགས་ཀྱིས་ངལ་གསོ་ཁུལ་དུ་ཟས་འཚོལ་བཞིན་ཡོད་པ་པར་ལེན་ཐུབ་པ་བྱུང་། དེ་ལས་རྨ་ཆུའི་འབྱུང་ཡུལ་ནི་འདབ་ཆགས་རིགས་དང་རི་སྐྱེས་སྲོག་ཆགས་རྩ་ཆེན་རིགས་རྒྱུད་སྤེལ་བཞིན་འཚོ་སྡོད་བྱེད་པའི་ཞིང་ཁམས་སུ་གྱུར་ཡོད་པ་མཚོན། 

རྨ་སྟོད་ནི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་ནུབ་བྱང་ཕྱོགས་སུ་གནས་ཤིང་། དེ་ནི་རྨ་ཆུའི་སྟོད་རྒྱུད་ཀྱི་རྫོང་དང་པོ་ཡིན་ལ་མི་གྲངས་ཉུང་ཞིང་ས་བབ་མཐོ་ཚད་སྨི4000ཡོད། དེ་མིན་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་རིམ་པའི་རང་བྱུང་སྲོང་སྐྱོང་ཁུལ་གྱི་ལྟེ་གནས་ཡིན་པ་མ་ཟད། ཀྲུང་ཧྭ་མི་རིགས་ཀྱི་མ་ཡུམ་གཙང་བོ་སྟེ་རྨ་ཆུའི་འབྱུང་ཡུལ་ཡང་ཡིན།

ལས་དོན་མི་སྣས་ངོ་སྤྲོད་བྱས་པ་ལྟར་ན། ཉེ་ཆར་འབྲེལ་ཡོད་མི་སྣས་ལས་དོན་སྤེལ་བའི་གོ་རིམ་ཁྲོད་གངས་རི་གྲོག་རོང་ནས་མུ་མཐའ་མེད་པའི་རྩྭ་ཐང་དང་། གཙང་བོའི་འགྲམ་རྒྱུད་ནས་མཚེའུ་འདམ་ར་སྟེ་གང་སར་རྨ་ཆུའི་འབྱུང་ཡུལ་གྱི་འདབ་ཆགས་རིགས་དང་རི་སྐྱེས་སྲོག་ཆགས་ཡོད་པ་མཐོང་ཞིང་། དེ་དག་སོས་དལ་བའི་ངང་གནས་པ་དེས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་སྣང་ཚུལ་ཞིག་མངོན་པར་མཚོན་ཡོད།

རྨ་ཆུའི་འབྱུང་ཡུལ་གྱི་སྐྱེ་ཁམས་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་པ་དེས་ཕྱོགས་གཞན་ཞིག་ནས་མི་རིགས་སོ་སོའི་ལས་དོན་མ་སྣ་དག་གི་སྐྱེ་ཁམས་ཁོར་ཡུག་དང་རི་སྐྱེས་སྲོག་ཆགས་ཀྱི་སྲོང་སྐྱོང་འདུ་ཤེས་གཏིང་ཇེ་ཟབ་ཏུ་ཕྱིན་པ་མཚོན།

རྗེས་མར་རྨ་ཆུའི་འབྱུང་ཁུལ་གྱིས་སྐྱེ་ཁམས་སྔོན་ལ་དམིགས་བསལ་དུ་འཕེལ་རྒྱས་སུ་གཏོང་བ་རྒྱུན་འཁྱོངས་བྱས་ནས། ས་གནས་དེའི་འབྲོག་པ་མང་ཚོགས་སྐྱེ་ཁམས་ཉམས་ལེན་བྱ་བའི་ཁྲོད་ཞུགས་རྒྱུ་དང་ཆབས་ཅིག མགྲོན་པོ་དང་གླིང་ཁུལ་སྡོད་དམངས་མཉམ་འགུལ་བྱེད་པའི་ཐད་ཤུགས་སྣོན་བརྒྱབ་སྟེ། མགྲོན་པོ་རྣམས་ཀྱི་རྨ་ཆུའི་རིག་གནས་དང་གཙམ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་རྨ་ཆུའི་འབྱུང་ཁུལ་གྱི་རོལ་མྱོང་གཏིང་ཟབ་ཏུ་བཏང་ནས་ཧུར་ཐག་སྒོས་སྐྱེ་ཁམས་སྲུང་སྐྱོང་བྱས་པ་བརྒྱུད་མཉམ་དུ་མཛེས་སྡུག་གི་རྨ་ཆུའི་འབྱུང་ཡུལ་གཏན་སྲུང་བྱ་རྒྱུ་རེད། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།