མཚོ་སྔོན་གྱིས་ས་ཡོམ་ཚབས་ཆེན་གྱི་ཁོངས་བརྒལ་ཕྱོགས་བསྡུས་སྦྱོང་བརྡར་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས29ཉིན། ཉིན3རིང་གི“མཐོ་སྒང་ཟིལ་གནོན2021”ཅེས་པའི་ས་ཡོམ་ཚབས་ཆེན་གྱི་ཁོངས་བརྒལ་ཕྱོགས་བསྡུས་སྦྱོང་བརྡར་དེ་མཚོ་སྔོན་ཞིང་ཆེན་རྨ་ལྷོ་རང་སྐྱོང་ཁུལ་གཅན་ཚ་རྫོང་དུ་སྤེལ། ཟི་ལིང་དང་མཚོ་བྱང་། མཚོ་ཤར། མཚོ་ལྷོ། ན་གོར་མོ། རྨ་ལྷོ། མགོ་ལོག ཡུུལ་ཤུལ་ནས་ཐོན་པའི་ས་ཡོམ་ཚད་ལྕིའི་མྱུར་སྐྱོབ་རུ་ཁག3དང་། ས་ཡོམ་ཚད་ཡང་མྱུར་སྐྱོབ་རུ་ཁག6། སྦྱོང་བརྡར་དང་གཡུལ་སྐྱོར་འགན་ལེན་རུ་ཁག1གི་མི700ལྷག་སྦྱོང་བརྡར་ལ་ཞུགས།   །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།