མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ཉེར་བཞི་པ་ཚོགས་པ་དང་ཝང་ཅན་ཅུན་གྱིས་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོར་མགོ་འཛིན་མཛད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས29ཉིན། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་ཉེར་བཞི་པ་ཟི་ལིང་དུ་ཚོགས་ཤིང་། ཞིང་ཆེན་ཏང་ཨུའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཅན་ཅུན་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཀྲང་ཀོང་རུང་དང་། མཱ་ཝེ། ཉི་མ་སྒྲོལ་མ། ཝུ་ཧེ་ཁུང་བཅས་དང་། དྲུང་ཡིག་ཆེན་མོ་ཅ་དབྱིན་ཀྲུང་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན50ཚོགས་འདུར་ཞུགས་ཡོད་པས། ཁྲིམས་བཀོད་མི་གྲངས་དང་མཐུན། ཝང་ཅན་ཅུན་གྱིས་ཚང་འཛོམས་གྲོས་ཚོགས་དང་པོར་མགོ་འཛིན་མཛད། 

ཚོགས་ཐོག་ནས་རིམ་བཞིན་ཐེངས་འདིའི་གྲོས་ཚོགས་ལ་གདན་ཞུ་བྱས་པའི་མི་དོན་བྱ་བ་ཁག་གི་གནས་ཚུལ་སྐོར་གྱི་གསལ་བཤད་ལ་གསན་པ་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅིའམ། ཀྲུའུ་རེན་གཞོན་པ་ཀྲང་ཀོང་རུང་གིས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་བརྒྱུད་སྒྲོག་བྱས། 《མཚོ་སྔོན་ཞིང་ཆེན་བྱི་རིམས་སྔོན་འགོག་ཚོད་འཛིན་སྲོལ་ཡིག(འཆར་ཟིན)》གི་གྲོས་ཞིབ་མཇུག་འབྲས་སྐོར་གྱི་སྙན་ཞུ།《མཚོ་སྔོན་ཞིང་ཆེན་སྤྱི་པའི་ཡིད་རྟོན་ཆ་འཕྲིན་སྲོལ་ཡིག(འཆར་ཟིན)》གི་གྲོས་ཞིབ་མཇུག་འབྲས་སྐོར་གྱི་སྙན་ཞུ།《མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་མཚོ་སྔོན་གྱིཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་དམངས་ཆེན་དང་ས་གནས་རིམ་པ་ཁག་གི་དམངས་ཆེན་གྱི་འདེམས་བསྐོའི་སྒྲིག་སྲོལཞིབ་ཕྲའི་ཆོད་དོན(མ་ཟིན)》ལ་བཟོ་བཅོས་རྒྱག་པའི་སྐོར་གྱི་གསལ་བཤད།《མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཞིང་ཆེན་ཡོངས་ཀྱི་རྫོང་དང་ཤང་རིམ་པ་གཉིས་ཀྱི་དམངས་ཆེན་གྱི་འཐུས་མི་སྐབས་བརྗེ་འདེམ་བསྐོ་བྱ་བའི་དུས་ཚོད་སྐོར་གྱི་ཆོད་དོན(འཆར་ཟིན)》དང་།《མཚོ་སྔོན་ཞིང་ཆེན་གྱི་རྫོང(གྲོང་ཁྱེར་དང་ཆུས)རིམ་པའི་དམངས་ཆེན་གྱི་འཐུས་མིའི་མི་གྲངས་དང་རྒྱུན་ལས་ཨུ་ལྷན་གྱི་ཁོངས་མིའི་མི་གྲངས་སྐོར་གྱི་ཆོད་དོན(འཆར་ཟིན)》གྱི་གསལ་བཤད།《ཟི་ལིང་གྲོང་ཁྱེར་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཁ་ཤས་མེད་པར་བཟོ་བ་དང་བཟོ་བཅོས་རྒྱག་པའི་སྐོར་གྱི་ཆོད་དོན》གྱི་གསལ་བཤད། 2020ལོའི་ཐོ་འགོད་ཞིབ་བཤེར་ལས་དོན་གྱི་གནས་ཚུལ་སྐོར་གྱི་སྙན་ཞུ་ཕུལ། 

ཚོགས་ཐོག་ནས་ཟི་ལིང་གྲོང་ཁྱེར་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཁག་ཅིག་བཟོ་བཅོས་དང་མེད་པར་བཟོ་བའི་སྐོར་གྱི་ཐག་གཅོད་ལ་ཞིབ་བཤེར་སྙན་ཞུ་དཔར་འགྲེམས་བྱས་པ་དང་། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་གསུམ་པའི་འཐུས་མི་ཁ་ཤས་ཀྱི་འཐུས་མིའི་ཐོབ་ཐང་སྐོར་གྱི་ཞིབ་བཤེར་སྙན་ཞུ་ལ་གྲོས་ཞིབ་བྱས།

འོས་འཆར་འདེམ་མིས་བསྐོ་བཞག་སྔོན་གྱི་གཏམ་བཤད། 

ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལི་ཅེ་ཞང་། ཞིང་ཆེན་ལྟ་སྐུལ་ཞིབ་བཤེར་ཨུ་ལྷན་གྱི་འགན་འཁུར་པ། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་འགན་འཁུར་པ། ཞིང་ཆེན་མི་དམངས་ཞིབ་བཤེར་ཁང་གི་ཞིབ་བཤེར་དཔོན་མིང་ཡོང་ཧྲན་སོགས་ཚོགས་འདུ་ལ་ཟུར་ཞུགས་བྱས། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།