2021ལོའི་དུས་རིམ་གཉིས་པའི“ཁུ་ནུའི་འཆད་ཁྲིད་ཆེན་མོའི”མགོ་བརྩམས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ3པའི་ཚེས26ཉིན།  མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་ཤིང་། མཚོ་སྔོན་མི་རིགས་སློབ་ཆེན་དང་མཚོ་སྔོན་ལས་བྱེད་པའི་དྲ་རྒྱའི་སློབ་གླིང་གཉིས་ཀྱིས་སྒྲུབ་འགན་འཁུར་བའི“ཁུ་ནུ་འཆད་ཁྲིད་ཆེན་མོའི”དུས་རིམ་གཉིས་པའི“མཉམ་དུ་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད”ཅེས་པའི་ཆེད་དོན་འཆད་ཁྲིད་རབ་དང་རིམ་པ་སྤེལ་མགོ་བརྩམས་ཤིང་། ཞིང་ཆེན་ཏང་ཨུའི་པུའུ་ཨུ་སོ་སོ་དང་། ཞིང་ཆེན་ཐད་གཏོགས་ལས་ཁུངས། མི་དམངས་ཚོགས་པ། ཞིང་ཆེན་ཐད་གཏོགས་སློབ་ཆེན། ཞིང་ཆེན་ཐད་གཏོགས་ཁེ་ལས། ཟི་ལིང་གྲོང་ཁྱེར་ཐད་གཏོགས་ལས་ཁོངས་སོ་སོའི་ལས་བྱེད་པ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་ལས་བྱེད་པ་བཅས་བསྡོམས་པས་མི500ལྷག་ཐེངས་འདིའི་འཆད་ཁྲིད་ལ་ཞུགས།

འཆད་ཁྲིད་སྟེང་མཚོ་སྔོན་མི་རིགས་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གི་དགེ་རྒན་ཆེན་མོ་ཀྲོའུ་ཀྲུང་ཡུས་གདན་དྲངས་ཏེ《མཚོ་སྔོན་གྱི་གསར་བརྗེ་རིག་གནས་ཐོན་ཁུངས་དང་ཏང་གི་ལོ་རྒྱུས་སློབ་སྦྱོང》ཞེས་པའི་ཆེད་དོན་འཆད་ཁྲིད་བྱས་པ་དང་།  འཆད་ཁྲིད་ཀྱི་བརྗོད་བྱ་ཁ་གསལ་ཞིང་ནང་དོན་ཕུན་སུམ་ཚོགས་པས་དགེ་རྒན་ཆེན་མོ་ཀྲོའུ་ཀྲུང་ཡུས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྐོར་གྱི་གསུང་བཤད་གལ་ཆེན་གྱི་དགོངས་པ་དང་སྙིང་སྟོབས་ཞིབ་ཕྲའི་ངང་གསལ་འགྲེལ་བྱས་པ་མ་ཟད།  ཞིབ་ཅིང་ཕྲ་བའི་ལོ་རྒྱུས་ཀྱི་དཔྱད་ཡིག་དང་དངོས་དཔེ་འབོར་ཆེན་གྱི་ཐོག་ནས་མཚོ་སྔོན་ཞིང་ཆེན་གྱི་གསར་བརྗེའི་རིག་གནས་ཐོན་ཁུངས་གཙོ་བོ་དང་རྒྱལ་ཁབ་རིམ་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་ངོ་སྤྲོད་བྱས་ནས།  “མཚོ་སྔོན་གྱི་གསར་བརྗེའི་རིག་གནས་ཐོན་ཁུངས་དང་ཟུང་འབྲེལ་བྱས་ཏེ་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་དགོས”ཞེས་པའི་མི་སྒེར་གྱི་ལྟ་བ་བཏོན།  འཆད་ཁྲིད་ལ་ཉན་རྗེས་ཏང་ཡོན་ལས་བྱེད་པ་ཚོས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ནང་རང་རེའི་ཞིང་ཆེན་གྱི་གསར་བརྗེའི་ཐོན་ཁུངས་གང་ལེགས་སྤྱོད་དགོས་པ་དང་།  ལོ་རྒྱུས་ཀྱི་མྱོང་ཚོར་ཁྲོད་བསམ་པའི་སྦྱོང་བརྡར་དང་ལེན་བྱེད་པ་དང་མདུན་སྐྱོད་ཀྱི་སྟོབས་ཤུགས་བསྡུ་ལེན།  ཆབ་སྲིད་ཀྱི་དད་སེམས་བརྟན་དུ་གཏོང་བ་བཅས་བྱས་ནས།  སྔོན་བྱོན་པ་ཚོས་ང་ཚོར་བཞག་པའི་གསར་བརྗེའི་ཐོན་ཁུངས་རྩ་ཆེན་རང་རྟོགས་ངང་བེད་སྤྱོད་ཡག་པོ་བྱེད་པ་དང་།  གསར་བརྗེའི་སྲོལ་རྒྱུན་དར་སྤེལ་ཡག་པོ།  གསར་བརྗེའི་སྲོལ་རྒྱུན་རྒྱུན་འཛིན་བཅས་བྱེད་དགོས་པར་བསྟན།  །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།