དཔྱིད་འདེབས་དུས་སུ་ལོ་ཏོག་བསྡུ་ལེན་ལ་བྲེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དཔྱིད་ཟླ་གསུམ་པར། རྨོ་འདེབས་ཀྱི་ལས་ལ་བྲེལ་བཞིན་ཡོད་ཀྱང་། ཏུའུ་ལན་རྫོང་ཚའེ་ཡོན་སྔོ་ཚལ་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་དུ། ལོ་ལེགས་བསྡུ་བའི་རྣམ་པས་ཁེངས་ཡོད།

མཉམ་ལས་ཁང་འདི་ནི། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཏུའུ་ལན་རྫོང་ཞིང་སྡེ་གྲོང་རྡལ་ཚའེ་ཡོན་ཞོལ་མ་སྡེ་བར་ཡོད། མཉམ་ལས་ཁང་དུ་དྲོད་ཁང་མང་པོ་གྲལ་བསྟར་ཡོད་ལ། ལྕ་ཚལ་དང་རྡོ་ཀུ་བཅས་ཀྱི་སྐྱེས་ཚུལ་བཟང་བས། ལས་བཟོ་བ་རྣམས་ཀྱིས་ཆུ་འདྲེན་པ་དང་གནོད་འབུ་གསོད་པ་སོགས་ཀྱི་ལས་ལ་བྲེལ་བཞིན་ཡོད།

1.jpg

ཟླ3པའི་ཚེས25ཉིན། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཏུའུ་ལན་རྫོང་ཞིང་སྡེ་གྲོང་རྡལ་ཚའེ་ཡོན་ཞོལ་མ་སྡེ་བའི་ཏུའུ་ལེན་ཚའེ་ཡོན་སྔོ་ཚལ་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་གི་ལས་བཟོ་བས་ལྕ་ཚལ་འདེབས་འཛུགས་བྱེད་བཞིན་པ།

མིག་སྔར་ང་ཚོའི་རྡོ་ཀུ་དང་ཞི་ཧུའུ་ལུའུ། རྡོ་ལུ་མ། ལྕ་ཚལ་དང་ལ་ཕུག་སོགས་ཚལ་རིགས་སྣ16ཁྲོམ་ར་བཀྲམས་ཡོད་ཞེས་ཏུའུ་ལན་ཚའེ་ཡོན་སྔོ་ཚལ་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་གི་ལས་འཛིན་པ་ཝང་ཐིང་རོང་གིས་བཤད།

སྔོན་ཆད། ཝང་ཐིང་རོང་ནི་སྡེ་དམངས་མང་པོ་ཞིག་དང་འདྲ་བར། འགན་ལེན་བྱས་པའི་ས་ཞིང་ནང་སྲོལ་རྒྱུན་གྱི་འདེབས་འཛུགས་ལས་རིགས་ཁོ་ན་གཉེར་གྱིན་ཡོད། ཁོས་ས་ཞིང་ཁ་ཐོར་ཡིན་པས་ཞིང་བ་མང་ཆེ་བའི་ཡོང་འབབ་དམའ་ལ་རྨོ་འདེབས་བྱེད་ཐབས་རྗེས་ལུས་ཡིན་པ། འདེབས་འཛུགས་སྒྲིག་གཞི་སྣ་གཅིག་ཡིན་པ་སོགས་ཀྱི་གནད་དོན་ཤེས་རྟོགས་བྱུང་ལ། ལོ་ཧྲིལ་བོར་དཀའ་སྤྱད་འབད་བརྩོན་བྱས་ཀྱང་ཡོང་སྒོ་མེད་པར་བརྟེན། ཁོར་ས་ཞིང་འགན་ལེན་བྱས་ཏེ་གཅིག་བསྡུའི་འདེབས་འཛུགས་བྱེད་པའི་བསམ་ཚུལ་བྱུང་།

ས་ཞིང་འཁོར་རྒྱུག་གིས་མང་ཚོགས་ཀྱི་ཡོང་འབབ་འཕར་བར་སྣེ་ཁྲེིད་པ་ནས། 1999ལོར་དཔེ་ཆར་བལྟས་ནས་ཉི་འོད་དྲོད་ཁང་བཟོ་བའི་ལག་རྩལ་རང་སྦྱོང་བྱས་པ། དེ་ནས2010ལོར་ཏུའུ་ལན་ཚའེ་ཡོན་སྔོ་ཚལ་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་བཙུགས་ཏེ། ཝང་ཐིང་རོང་གི་ཐོན་ལས་བཀོད་སྒྲིག་བྱེད་ཚུལ་ཞིབ་ཕྲར་གྱུར་ལ་འགྱེད་ཁྱབ་ཀྱི་ནུས་པའང་ཇེ་ཆེ་ནས་ཇེ་ཆེར་གྱུར་ཡོད། 2021ལོའི་ཟླ1པོར། མཉམ་ལས་ཁང་གིས་བསྡོམས་པས་ས་ཞིང་མུའུ454འཁོར་རྒྱུག་བྱས་ཏེ་མ་དངུལ་སྒོར་ཁྲི1800བཏང་ཡོད་ལ། ད་ལྟ་ཉི་འོད་དྲོད་ཁང412དང་། ལྕགས་སྒྲོམ་གྱི་དྲོད་ཁང160། སྔོ་ཚལ་ཏུན500ཤོང་བའི་སོས་ཉར་ཁང་གཅིག་བཅས་ཡོད་པ་དང་། གཞན་མུའུ110ལ་མཐོང་ཡངས་སྔོ་ཚལ་འདེབས་འཛུགས་བྱེད་བཞིན་ཡོད།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།