མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས《ལག་བསྟར་བསམ་འཆར》དཔར་འགྲེམ་བྱས་ཏེ་སྲིད་གྲོས་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ལས་དོན་དང་ལམ་ལུགས་འཛུགས་སྐྱོང་ལ་ཤུགས་བསྣན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཆེད་དོན་ཨུ་ཡོན་ལྷན་ཁང་གིས་སྲིད་གྲོས་ལས་དོན་ཁྲོད་ཀྱི་རྨང་གཞིའི་རང་བཞིན་གྱི་ནུས་པ་སྔར་ལས་ལེགས་པར་འདོན་སྤེལ་བྱ་ཆེད། ཉེ་ཆར་མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས《མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ལས་དོན་དང་ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་དང་ཇེ་ལེགས་སུ་གཏོང་བའི་སྐོར་གྱི་ལག་བསྟར་བསམ་འཆར》(གཤམ་དུ《ལག་བསྟར་བསམ་འཆར》ཞེས་བསྡུ་རྒྱུ)དཔར་འགྲེམ་བྱས་ཏེ་ལམ་ལུགས་འཛུགས་སྐྱོང་ལ་སྔར་ལས་ཤུགས་སྣོན་དང་། འགན་ནུས་དང་འགན་འཁྲི་གསལ་པོ་བཟོ་བ། གོ་རིམ་དང་ལམ་སྲོལ་ཚད་ལྡན་དུ་གཏོང་བ། ལས་དོན་མཐུན་སྦྱོར་ལ་ཤུགས་སྣོན་པ། གྲོས་མོལ་ནུས་པ་མཐོ་རུ་གཏོང་བ། ཐོན་ཁུངས་བཀོད་སྒྲིག་ཇེ་ལེགས་སུ་གཏོང་བ། བྱ་བའི་ལས་ཆོད་དང་བྱ་བའི་སྤུས་ཚད་མཐོ་རུ་གཏོང་བ་སོགས་ཀྱི་ཐད་ལ་བླང་བྱ་བཏོན་ནས་བྱེད་ཐབས་ཁ་གསལ་བཟོས་པ་རེད།

《ལག་བསྟར་བསམ་འཆར》ལ་ཁྱོན་བསྡོམས་ཁག་ལྔ་དང་དོན་ཚན་ཉེར་གསུམ་ཡོད་ཅིང་། ཆེད་དོན་ཨུ་ཡོན་ལྷན་ཁང་གིས་སྲིད་དོན་གྲོས་བསྡུར་བྱེད་པའི་བྱ་བར་ཤུགས་སྣོན་པར་དམིགས་ནས།《ལག་བསྟར་བསམ་འཆར》ནང་ཆེད་དོན་ཨུ་ཡོན་ལྷན་ཁང་གི་དགེ་མཚན་ལྡན་པའི་གསོན་ཤུགས་སྐུལ་སྤེལ་དང་། གྲོས་མོལ་གྱི་གྲོས་གཞི་འདེམས་སྒྲུག་དང་ལམ་སྲོལ་ལེགས་བསྒྱུར། བྱེད་ཐབས་སྣ་ཚོགས་སྤྱད་ནས་ཨུ་ཡོན་དང་ཁ་གཏད་སྡེ་ཁག་གི་བསམ་འཆར་བསྡུ་ལེན་བྱེད་པ། བརྟག་དཔྱད་ཞིབ་འཇུག་ལ་ཤུགས་སྣོན། ཁ་བྱང་དང་ཇུས་འགོད་ཚད་ལྡན་བཟོ་བ། མི་སྣ་རྩ་འཛུགས། བརྟག་ཞིབ་རྣམ་པ། ཞིབ་འཇུག་དང་རིགས་པས་ཁུངས་སྐྱེལ། གྲུབ་འབྲས་གཞན་བསྒྱུར། རྗེས་སྙེག་ལྡོག་འདྲེན་སོགས་ཀྱི་བརྒྱུད་རིམ་འཐུས་ཚང་དུ་གཏོང་བ། སྲིད་གྲོས་གྲོས་མོལ་བྱ་བའི་སྒྲིག་སྲོལ་འདོན་པར་ཞིབ་འཇུག་བྱེད་པ། གྲོས་མོལ་གྱི་ནང་དོན་དང་གཞི་རྩའི་གོ་རིམ། སྤེལ་རེས་བྱེད་སྟངས་སོགས་སྔར་ལས་ཚད་ལྡན་དུ་གཏོང་བ། གང་བསམ་ལྷུག་བརྗོད་དང་། རང་གི་བསམ་ཚུལ་བརྗོད་པ། རྗེས་དཔག་ཁྲིམས་མཐུན་གྱི་སྒྲིག་སྲོལ་ལྡན་པའི་གྲོས་མོལ་ཁོར་ཡུག་བསྐྲུན་པ། སྔར་ལས་ལྷག་པའི་སྒོ་ནས་གྲུབ་འབྲས་བརྟག་ཞིབ་དང་བཀོལ་སྤྱོད་ཕན་འབྲས་ཆེ་རུ་གཏོང་བ་བཅས་ཀྱི་སྟེང་ནས་གཏིང་ཟབ་ཏུ་གཏོང་བ་བཅས་བྱེད་དགོས་པ་བཏོན་ཡོད། དེ་མིན་ད་དུང་བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་པར་དམིགས་ནས《ལག་བསྟར་བསམ་འཆར》ནང་ལས་རིགས་ཁག་གི་ཨུ་ཡོན་གསོ་སྦྱོང་བྱེད་པར་འཚོལ་ཞིབ་བྱེད་པ་དང་། ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱིས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་སློབ་སྦྱོང་བྱེད་པ་ཁྱོན་ཡོངས་ལ་ཁྱབ་པར་བྱེད་པ། ཆེད་དོན་ཨུ་ཡོན་ལྷན་ཁང་གིས་ཁོངས་གཏོགས་ཨུ་ཡོན་དང་འབྲེལ་བ་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། འཚམ་འདྲི་དང་བཅར་འདྲི་བྱེད་པའི་ཨུ་ཡོན་ལམ་ལུགས་དོན་འཁྱོལ། ཨུ་ཡོན་ལས་ཁུངས་དང་ཨུ་ཡོན་གྱིས་སྲིད་གྲོས་ལས་དོན་ལ་བཏོན་པའི་བསམ་འཆར་དང་གྲོས་གཞིར་ཉན་པ་བཅས་བྱེད་པ། ཨུ་ཡོན་གྱི་སློབ་ཁྲིད་བཟང་པོ་བྱེད་པ་དང་ཨུ་ཡོན་ངོ་འཕྲད་གདོང་ཐུག་བྱེད་པ། ལས་དོན་གལ་ཆེན་སྒྲོག་འགྲེལ་བྱེད་པའི་ཚོགས་པའི་ཨུ་ཡོན་སོགས་ཀྱི་ལས་དོན་བཟང་པོ་བསྒྲུབ་པ། ཨུ་ཡོན་གྱིས་སྤྱི་ཚོགས་ལ་ཤེས་བྱ་ཁྱབ་བསྒྲགས་བྱེད་པར་སྐུལ་འདེད། ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོའི་བྱ་བའི་ཁྱད་ཆོས་མི་འདྲ་བར་གཞིགས་ནས། དུས་རབས་གསར་བའི་མཐུན་འབྲེལ་མཉམ་ལས་བྱ་བ་ལེགས་པར་བསྒྲུབ་པ་སོགས་བཏོན་ཡོད།  གཞན་ཡང་ཆེད་དོན་ཨུ་ཡོན་ལྷན་ཁང་གི་བྱ་བའི་མཉམ་ཤུགས་ཆེ་རུ་གཏོང་བར་དམིགས་ནས《ལག་བསྟར་བསམ་འཆར》ནང་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཚོགས་འདུའི་ཚོགས་སྤྱིའི་མགོ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ། ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཚོགས་འདུའི་ཁོངས་མིས་འགན་འཁྲི་བསྒྲུབས་ཚུལ་ལ་རྒྱུན་གཏན་གྱི་དཔྱད་ཞིབ་བྱེད་པ་དང་། གཞི་རིམ་སྲིད་གྲོས་ཀྱི་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ལས་དོན་ལ་འབྲེལ་གཏུག་དང་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས་ཆེད་དོན་ཨུ་ཡོན་ལྷན་ཁང་དང་ཏང་སྲིད་སྡེ་ཁག་བར་གྱི་བྱ་བའི་མཉམ་སྒྲུབ་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས་པ་སོགས་བཏོན་ཡོད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།