མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་རྫོང་དང་ཤང་བཅས་ཀྱི་མགོ་ཁྲིད་ཚན་ཁག་སྐབས་བརྗེ་བའི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་རྫོང་དང་ཤང་བཅས་ཀྱི་མགོ་ཁྲིད་ཚན་ཁག་སྐབས་བརྗེ་བའི་ལས་དོན་ཚོགས་འདུ་བསྡུས་པ་ནས་བཟུང་། གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་ཨུ་དང་རྩ་འཛུགས་སྡེ་ཁག་གིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བླང་བྱ་ལྟར། ནན་ཏན་གྱིས་དེ་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། སྤྱི་བསྡོམས་འཆར་འགོད་དང་བཀོད་སྒྲིག ཆབ་སྲིད་ཀྱི་བླང་བྱ་ཁོང་དུ་ཆུད་པ་བཅས་བྱས་ཏེ་སྐབས་བརྗེའི་ལས་དོན་ཡང་དག་པའི་ཕྱོགས་སུ་བདེ་ཐང་ནུས་ལྡན་གྱིས་སྐུལ་འདེད་གཏོང་བར་འགན་ལེན་བྱས།

ཏང་གི་མགོ་ཁྲིད་ལ་ཁྱོན་ཡོངས་ནས་ཤུགས་སྣོན་པ། གྲོང་ཁྱེར་དང་ཁུལ། རྫོང་དང་གྲོང་ཁྱེར། ཆུས་སོ་སོའི་ཏང་ཨུས་ནན་ཏན་གྱིས་གཙོ་གཞིའི་འགན་འཁྲི་ཁུར་ནས་སྐབས་བརྗེའི་ལས་དོན་ལ་གཅིག་གྱུར་མགོ་ཁྲིད་བྱེད་པར་ཤུགས་བསྣན་ནས་ཏང་ཨུའི་ཧྲུའུ་ཅི་ཙུའུ་ཀྲང་ཡིན་པའི་སྐབས་བརྗེའི་མགོ་ཁྲིད་སྒྲིག་གཞི་བཙུགས་ནས་བྱ་བའི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་བཏང་ཡོད། སྲིད་ཇུས་ཀྱི་གཏན་འབེབས་གཏིང་ཟབ་ཏུ་ཁོང་དུ་ཆུད་པར་བྱེད་དགོས། ས་གནས་སོ་སོས་གྲོང་ཁྱེར་དང་རྫོང་དང་ཤང་གི་མགོ་ཁྲིད་ཚན་ཁག་གི་སྐབས་བརྗེའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་སྐབས་བརྗེའི་ལས་དོན་གྱི“རྩ་གནད”དང“གཞི་རྩར”བརྩི་བ་མཐའ་འཁྱོངས་དང་། གྲོང་ཁྱེར་དང་ཁུལ་སོ་སོས་རྒྱུན་ལས་ཨུ་ལྷན་དང་། ཆེད་དོན་གསོ་སྦྱོང་ཚོགས་འདུ། སྐབས་བརྗེའི་སྲིད་ཇུས་གསོ་སྦྱོང་ཚོགས་འདུ་སོགས་ཀྱི་བྱ་ཐབས་སྤྱད་ནས། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་སྲིད་ཇུས་དང་བཀོད་སྒྲིག་སློབ་སྦྱོང་བརྒྱུད་བསྒྲགས་བྱེད་པ་དང་། སྐབས་བརྗེའི་སྲིད་ཇུས་སློབ་སྦྱོང་གཏིང་ཟབ་རྒྱུན་འཁྱོངས་བྱེད་པ་ནི་སྐབས་བརྗེའི་ལས་དོན་ལེགས་པོ་སྒྲུབ་པའི་རྨང་གཞི་དང་འགན་ལེན་ཏུ་བྱས།

གཅིག་གྱུར་གྱིས་མི་དོན་བཀོད་སྒྲིག་ལེགས་པར་བསྒྲུབ་པ། ས་གནས་ཁག་གིས་བརྟག་ཞིབ་ལས་དོན་གཏིང་ཟབ་ཏུ་སྤེལ་བ་དང་རྒྱ་ཁྱབ་ཏུ་སྙིང་གཏམ་བཤད་རེས་བྱས་པ་བརྒྱུད། མགོ་ཁྲིད་ཚན་ཁག་འཁོར་སྐྱོད་བྱས་ཚུལ་དང་ཚན་ཁག་ཁོངས་མིས་འགན་འཁྲི་གཙང་སྒྲུབ་བྱས་ཚུལ་ལ་དབྱེ་ཞིབ་གཏིང་ཟབ་བྱས་པ་བརྒྱུད་ལས་བྱེད་པ་བསྐོ་འཁྱུར་བཞག་བསྐོར་གྱི་གནས་ཚུལ་ལ་ཚན་རིག་དང་མཐུན་པར་བརྡར་ཤ་གཅོད་པ། གནོན་ཤུགས་བརྒྱུད་འདྲེན་གྱི་སྒྲིག་ཁྲིམས་ནན་དུ་གཏོང་བ་བྱེད་པ། ས་གནས་སོ་སོས་རྩ་བའི་དགོངས་གཞི་ནན་གྱིས་མཐའ་འཁྱོངས་དང་། སྒྲིག་ཁྲིམས་དང་སྒྲིག་ལམ་སྔོན་ལ་འཇོག་པ་མཐའ་འཁྱོངས། བརྒྱུད་རིམ་ཧྲིལ་པོར་ནན་གྱིས་ལྟ་སྐུལ་བྱེད་པ་མཐའ་འཁྱོངས། དྲིལ་བསྒྲགས་དང་ཉེན་བརྡ་གཏོང་བའི་སློབ་གསོར་ཤུགས་སྣོན་པ་བཅས་བྱས་ནས་ཏང་ཡོན་ལས་བྱེད་པ་དང་འཐུས་མི་དང་ཨུ་ཡོན་ཚོས་གུས་སྐྲག་ཤེས་པ་དང་། དོགས་ཟོན་དང་དངངས་སྐྲག་ཡོད་པ། ཚད་མཐའ་སྲུང་བ་བཅས་བྱེད་པར་སྐུལ་འདེད་གཏོང་བ་ནི་སྐབས་བརྗེའི་རྣམ་པ་གཟབ་ནན་དུ་གཏོང་བའི་འགན་ལེན་གལ་ཆེན་ཏུ་བརྩིས་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།