2021ལོའི་མཚོ་བསྐོར་འགྲན་བསྡུར་ཟླ7པའི་ཚེས3ཉིན་ནས་སྤེལ་རྒྱུ་རེད།

1.jpeg

2.jpeg

རྒྱུ་ཆའི་པར་རིས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ3པའི་ཚེས27ཉིན། སྐབས་ཉི་ཤུ་བའི་མཚོ་སྔོན་པོར་བསྐོར་བའི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་བསྡུར་གྱི་དུས་ཚོད་ལྡོག་རྩིས་ཀྱི་ཉིན་བརྒྱ་ཡི་བྱ་འགུལ་དེ་ཟི་ལིང་གྲོང་ཁྱེར་ལྟེ་གནས་ཐང་ཆེན་དུ་སྤེལ། འགྲན་བསྡུར་རྩ་འཛུགས་ལྷན་ཚོགས་ཀྱི་རྒྱུན་ལས་ཀྲུའུ་རིན་གཞོན་པའམ་ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པ་ཝང་ཀྲི་ཀྲུང་གིས་དུས་ཚོད་ལྡོག་རྩིས་ཀྱི་ཉིན་བརྒྱ་ཡི་མགོ་བརྩམས་པ་ཁྱབ་བསྒྲགས་བྱས་ཤིང་། དེས་སྐབས་ཉི་ཤུ་བའི་མཚོ་བསྐོར་འགྲན་བསྡུར་གྱི་གྲ་སྒྲིག་བྱ་བ་སྣ་ཚོགས་ཕྱོགས་ཡོངས་ནས་མགོ་བརྩམས་པ་མཚོན་ཡོད།

3.jpeg

4.jpeg

རྒྱུ་ཆའི་པར་རིས།

རྒྱུས་ལོན་པ་ལྟར་ན། རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་མནའ་འབྲེལ་གྱི་འགྲན་བསྡུར་བཀོད་སྒྲིག་ལ་གཞིགས་ཏེ། སྐབས་ཉི་ཤུ་བའི་མཚོ་བསྐོར་འགྲན་བསྡུར་དེ2021ལོའི་ཟླ7པའི་ཚེས4ཉིན་ནས་ཟླ7པའི་ཚེས11ཉིན་བར་མཚོ་སྔོན་ཞིང་ཆེན་ནང་ཁུལ་དུ་སྤེལ་རྩིས་ཡོད། ཟླ7པའི་ཚེས3ཉིན་ཟི་ལིང་གྲོང་ཁྱེར་དུ་མགོ་རྩོམ་མཛད་སྒོ་བསྡུ་རྒྱུ་དང་། ཟླ7པའི་ཚེས11ཉིན་གཏེར་ལེན་ཁ་གྲོང་ཁྱེར་དུ་མཇུག་བསྡུའི་མཛད་སྒོ་སྤེལ་རྒྱུ་རེད། འགྲན་རིམ་ཧྲིལ་བོར་འགྲན་མཚམས8བཀོད་སྒྲིག་བྱས་ཡོད་ལ། ཟི་ལིང་དང་མཚོ་ཤར། མཚོ་བྱང་། མཚོ་ལྷོ། མཚོ་ནུབ་བཅས་བརྒྱུད་དེ་སྤྱིའི་འགྲན་ཐག་སྤྱི་ལེ1377ཡོད། 

5.jpeg

6.jpeg

7.jpeg

རྒྱུ་ཆའི་པར་རིས།

མིག་སྔར་གྲ་སྒྲིག་བྱ་བ་སྣ་ཚོགས་ཕྱོགས་ཡོངས་ནས་མགོ་བརྩམས་ཡོད་པ་དང་། རྗེས་ཕྱོགས་ཀྱི་ཉིན100ནང་རྩ་འཛུགས་ལྷན་ཚོགས་ཀྱི་སྔར་ལས་ལྷག་པའི་སྒོ་ནས་རྒྱལ་སྤྱིའི་ལྕགས་རྟ་མནའ་འབྲེལ་དང་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས། ཀྲུང་གོ་ལྕགས་རྟ་ལུས་རྩལ་ལྷན་ཚོགས་བཅས་ཀྱི་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་བསྣན་ཏེ། མ་ལག་འདུ་ཤེས་དང་ཚད་མཐའི་བསམ་བློ་རྒྱུན་འཁྱོངས་བྱས་ཏེ་འགན་སྒྲུབ་ས་ཁུལ་དང་མཉམ་དུ་རིམས་ནད་སྔོན་འགོག་ཚོད་འཛིན་སོགས་ཀྱི་ཉེན་ཁའི་འགྲན་སློང་ཐག་གཅོད་བྱེད་རྒྱུ་ཡིན་ལ། གོ་རིམ་ལྡན་པའི་སྒོ་ནས་གྲ་སྒྲིག་བྱ་བ་སྣ་ཚོགས་ལ་སྐུལ་འདེད་དང་ཆུ་ཚད་མཐོན་པོས་མཚོ་བསྐོར་འགྲན་བསྡུར་དང་མཚོ་བསྐོར་འགྲན་བསྡུར་སྤེལ་ནས་ལོ་འཁོར་ཉི་ཤུ་ལོན་པའི་མགོ་རྩོམ་མཛད་སྒོ་སོགས་བྱ་འགུལ་སྣ་ཚོགས་ཇུས་འགོད་ཡག་པོས་ལེགས་པོར་སྒྲུབ་ནས། མཚོ་བསྐོར་འགྲན་བསྡུར་དེ་ལུས་རྩལ་དོན་ཆེན་དང་མི་དམངས་ཀྱི་དུས་ཆེན་ཞིག་ཏུ་བསྒྱུར་བ་དང་། “དམིགས་བསལ་གཅིག་དང་མཐོ་བ་གཉིས”ལ་སྐུལ་འདེད་དང་། “དཔེ་སྟོན་ཞིང་ཆེན་ལྔ”འཛུགས་སྐྲུན། “དཔལ་འབྱོར་རྣམ་པ་བཞི”གསོ་སྐྱོང་། “ལོ་ལྔའི་འཆར་གཞི་བཅུ་བཞི་པ”མགོ་རྩོམ་པར་མཚོ་བསྐོར་འགྲན་བསྡུར་གྱི་བྱས་རྗེས་འཇོག་པ་བཅས་ཀྱིས་ཕུལ་དུ་བྱུང་བའི་གྲུབ་འབྲས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར་བརྒྱ་ལོན་པར་རྟེན་འབྲེལ་ཞུ་རྒྱུ་རེད། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།