ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱིས་ཉིས་སྟོང་ཉི་ཤུ་ལོར་་གསར་དུ་བསྡུས་པའི་གཞུང་ཞབས་པས་ཏང་གི་ལོ་རྒྱུས་སློབ་གསོ་དང་ལེན་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་གཉིས་ཀྱིས་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱིས2020ལོར་གསར་དུ་བསྡུས་པའི་གཞུང་ཞབས་པ་རྩ་འཛུགས་བྱས་ནས་མཚོ་སྔོན་ཏང་གི་ལོ་རྒྱུས་སློབ་གསོ་འགྲེམ་ཁང་དུ་སོང་ནས་ལྟ་སྐོར་སློབ་སྦྱོང་བྱས།

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་ལྟ་སྐོར་སློབ་སྦྱོང་གིས་ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་དུ་ཡོད་ཅེས་པ་བརྗོད་སྙིང་དུ་བྱས་ཡོད་པ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ཀྱི་མགོ་ཁྲིད་དེ་གསར་བརྗེ་དང་འཛུགས་སྐྲུན། བཅོས་བསྒྱུར་བྱས་པའི་འབད་འཐབ་ལོ་རྒྱུས་དང་རང་སྟེང་འཛུགས་སྐྲུན་ལོ་རྒྱུས་གཙོ་ཐིག་ཏུ་བྱས་ཏེ། ཁྱོན་ཡོངས་ནས་ལོ་རྒྱུས་ཀྱི་དུས་སྐབས་གལ་ཆེན་བཞི་དང་། མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ཀྱིས་ཏང་གི་མགོ་ཁྲིད་འོག ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་སྲུང་བྱས་པ་དང་། ལོ་ངོ་དགུ་བཅུ་ལྷག་ལ་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་དཀའ་སྤྱད་ཀྱིས་འཚོལ་ཞིབ་བྱས་པའི་འོད་སྟོང་འབར་བའི་བརྒྱུད་རིམ་འགྲེལ་བཤད་གསལ་བོ་བྱས། ལྟ་སྐོར་སློབ་སྦྱོང་བརྒྱུད་དེ། སློབ་མ་ཡོངས་ཀྱིས་ཏང་གི་ལོ་རྒྱུས་དང་ཏང་གཤིས་སློབ་གསོའི་སྦྱོང་བརྡར་དང་ལེན་བྱས་པ་མ་ཟད། མཚོ་སྔོན་བཅོས་བསྒྱུར་འཕེལ་རྒྱས་ཐད་ཀྱི་ངོས་འཛིན་སྔར་ལས་གཏིང་ཟབ་ཏུ་བཏང་། ཚང་མས་ལང་ལོང་གིས་བཤད་རྒྱུར། རང་རྟོགས་སྒོས་ཏང་གི་ལོ་རྒྱས་ཀྱི་རླབས་ཆེན་བརྒྱུད་རིམ་ཁྲོད་མདུན་སྐྱོད་ཀྱི་རིག་སྟོབས་དང་འབད་འཐབ་ཀྱི་སྟོབས་ཤུགས་བསྡུ་ལེན་བྱེད་པ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་བྱས་ནས་གནས་ལུགས་རྟོགས་པར་བྱེད་པ་དང་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱས་ནས་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། ཏང་གི་ལོ་རྒྱུས་སློབ་སྦྱོང་བྱས་ནས་ཀུན་སྤྱོད་ལ་བརྩི་མཐོང་བྱེད་པ། ཏང་གི་ལོ་རྒྱུས་སློབ་སྦྱོང་བྱས་ནས་ལག་བསྟར་ནན་མོ་བྱེད་པ་བཅས་རྒྱུན་འཁྱོངས་བྱེད་པ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཐད་ཀྱི་ཆབ་སྲིད་ཀྱི་སྤྲོ་སེམས་དེ་དྲང་བདེན་འཛིན་སྐྱོང་དང་གསར་གཏོད་ཀྱི་འགུལ་སྐྱོད་དངོས་ལ་བསྒྱུར་ནས། ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པ་དང་དགོངས་པར་རྒྱུས་ལོན་བྱེད་པ། དོན་དངོས་བསྒྲུབ་པ། རྣམ་པ་གསར་བ་བསྐྲུན་་པ་བཅས་བྱེད་དགོས་ཟེར།

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།