ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་སྒྲོག་འགྲེལ་བྱ་བའི་བཀོད་སྒྲིག་གྲོས་ཚོགས་ཟི་ལིང་ནས་འཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་གསུམ་པའི་ཚེས་ཉེར་དྲུག་ཉིན། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་སྒྲོག་འགྲེལ་བྱ་བའི་བཀོད་སྒྲིག་གྲོས་ཚོགས་ཟི་ལིང་ནས་འཚོགས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཆེད་དོན་སྒྲོག་འགྲེལ་བྱ་བར་བཀོད་སྒྲིག་བྱས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་ཡོངས་གྲོས་ཚོགས་ལ་ཞུགས།

ཚོགས་ཐོག་ནས་བསྟན་དོན། ཏང་གི་ལོ་རྒྱུས་ནི་ཆེས་གསོན་ཉམས་ལྡན་པ་དང་སློབ་གསོའི་དོན་སྙིང་ལྡན་པའི་སློབ་དེབ་ཅིག་ཡིན་པས། ཏང་ཡོངས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བ་ནི་ཏང་ཀྲུང་དབྱང་གིས་བཏོན་པའི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་དང་། ཏང་གི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཡིན་ལ། ལོ་ཧྲིལ་བོར་ཁྱབ་པར་བྱེད་པ་དང་དོན་སྙིང་ཆེན་པོ་ལྡན། ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པ་བཙུགས་ནས་ཆེད་དོན་སྒྲོག་འགྲེལ་སྤེལ་བ་ནི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་བྱ་བ་གལ་ཆེན་གྱི་བཀོད་སྒྲིག་ཡིན་ལ། རང་ཞིང་གི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་བརྟན་བརླིང་དང་ཕན་ནུས་ཡོད་པའི་སྒོ་ནས་སྤེལ་བའི་བྱེད་ཐབས་གལ་ཆེན་ཡིན་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་ཡོངས་ཀྱིས་རང་རྟོགས་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་ལོ་རྒྱུས་སྐོར་གྱི་རྣམ་བཤད་གལ་ཆེན་རྩ་བའི་གཞི་འཛིན་ས་རུ་བྱེད་པ་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱེད་པ། ཆབ་སྲིད་ཀྱི་འགན་འཁྲིའི་འདུ་ཤེས་དང་ལོ་རྒྱུས་འདུ་ཤེས་མཐོན་པོར་བརྟེན་ནས་སྒྲོག་འགྲེལ་བྱ་བ་བཟང་བོར་བསྒྲུབ་དགོས། ལངས་གནས་མཐོར་འདེགས་གཏོང་བ་དང་། སྣེ་ཁྲིད་མི་སྣ་བྱེད་པ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱས་ནས་གནས་ལུགས་རྟོགས་པར་བྱེད་པ་དང་ལོ་རྒྱུས་སློབ་སྦྱོང་བྱས་ནས་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། ལོ་རྒྱུས་སློབ་སྦྱོང་བྱས་ནས་ཀུན་སྤྱོད་ལ་བརྩི་མཐོང་བྱེད་པ། ལོ་རྒྱུས་སློབ་སྦྱོང་བྱས་ནས་ལག་བསྟར་ནན་མོ་བྱས་ཏེ། ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པ་དང་དགོངས་པར་རྒྱུས་ལོན་བྱེད་པ། དོན་དངོས་བསྒྲུབ་པ། རྣམ་པ་གསར་བ་བཏོད་པ་བཅས་བྱེད་དགོས། བརྗོད་དོན་ལ་དམིགས་ནས། དགོངས་དོན་ལ་རྒྱུས་ལོན་ཡང་དག་བྱེད་པ་དང་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ། ནང་དོན་གསལ་བོར་བཤད་པ། ཀྲུང་གོ་གུང་ཁྲན་ཏང་གི་མཚོ་སྔོན་གྱི་ལོ་རྒྱུས་བཟང་བོར་བཤད་པ་བཅས་བྱེད་དགོས། དྲིལ་སྒྲོག་ལ་ཤུགས་སྣོན་པ་དང་། ཁ་ཕྱོགས་སྟོན་པ། མྱུར་དུ་དྲིལ་སྒྲོག་བྱེད་པ་དང་བརྒྱུད་སྒྲོག་བཟང་བོ་བྱས་ཏེ། སྒྲོག་འགྲེལ་བྱ་བར་ཞིང་ཆེན་ཡོངས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྤྱི་ཡོངས་ཁྲོད་ཤན་ཤུགས་ལྡན་པར་བྱེད་དགོས། གཅིག་གྱུར་འཆར་འགོད་བྱེད་པ་དང་ཞབས་ཞུ་མི་སྣ་བྱེད་པ། སྤྱི་ཡོངས་ཀྱི་འདུ་ཤེས་དང་ཞབས་ཞུའི་འདུ་ཤེས་འཛུགས་པ། དུས་ཐོག་ཏུ་བརྗེ་རེས་བྱེད་པ་དང་བཀོད་སྒྲིག་འོས་འཚམ་བྱེད་པ། ཞབས་འདེགས་བཟང་བོ་ཞུ་བ། རང་རྟོགས་སྒོས་ཞིང་ཆེན་ཡོངས་ཀྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཐད་ཞབས་འདེགས་ཞུ་བ། བྱ་བའི་སྤྱོད་ཚུལ་ནན་མོ་དང་སྤུས་ཚད་མཐོན་པོ་དང་ཆུ་ཚད་མཐོན་པོས་ཞིང་ཆེན་ཏང་ཨུའི་སྤྲད་པའི་ལས་འགན་ཡོངས་འགྲུབ་བྱེད་དགོས། བཀོད་སྒྲིག་གྲོས་ཚོགས་ཀྱི་རྗེས་སུ། ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་ས་ཆ་སོ་སོ་དང་སྡེ་ཁག་སོ་སོར་སོང་ནས་སྒྲོག་འགྲེལ་བྱས།

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།